སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་སྤོ་ལོ་རུ་ཁག་ལ་རྒྱལ་ཡོངས་ཀྱི་མཛེས་སྡུག་གྲོང་གསེབ་ཀྱི་སྤོ་ལོ་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-30   རྩོམ་ཁུངས།   

        ཉེ་ཆར། 2018ལོའི་རྒྱལ་ཡོངས་མཛེས་སྡུག་གྲོང་གསེབ་ཀྱི་ལག་རྩེད་སྤོ་ལོའི་འགྲན་བསྡུར་མཇུག་རྫོགས་ཤིང་། འགྲན་བསྡུར་ལ་གདན་འདྲེན་ཞུས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ལག་རྩེད་སྤོ་ལོའི་ཆེད་ལས་རུ་ཁག་གིས་འགྲན་བསྡུར་སོ་སོ་ལས་རྒྱལ་ཁ་བསྟུད་མར་བླངས་ཤིང་མཐར་བྱ་དགའ་ཨང་དང་བོ་བླངས་ཏེ། བདེ་ཆེན་མི་དམངས་ཀྱི་ལ་རྒྱ་མ་ཤོར་བར་གཟེངས་རྟགས་ཐོབ་པ་རེད།

        འགྲན་བསྡུར་གྱིས་“བཅོས་བསྒྱུར་ལ་བསྟོད་ལེན། ལོ་ལེགས་ལ་རྟེན་འབྲེལ་ཞུ། གྲོང་གསེབ་དར་སྤེལ།”ཞེས་པ་བརྗོད་གཞི་བྱས་ཡོད་ལ། ཐེངས་འདིའི་འགྲན་བསྡུར་ལ་སི་ཁྲོན་དང་ཧྲན་ཏུང་། ཧོ་ནན། ཅང་སུའུ། ཧུའུ་ནན། ཀོང་ཏུང་།ཅང་ཞི། ཧྲན་ཞི། ཡུན་ནན། ཧྲན་ཞི། ཀྲེ་ཅང་།      ཨན་ཧུའེ་སོགས་ཞིང་ཆེན་13དང་འཐུས་ཚབ་རུ་ཁག་16ཞུགས་ཡོད་ཅིང་། འགྲན་ཞུགས་ལུས་རྩལ་བ་270ཡོད། འདི་ནི་མེས་རྒྱལ་དགུང་ལོ་69ལོན་པའི་སྐྱེས་སྐར་གྱི་ལེགས་སྐྱེས་དང་།དུས་མཚུངས་སུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་དྲན་རྟེན་དུ་ཕུལ་བ་རེད།  རྒྱུས་ལོན་བྱུང་བ་ལྟར་ན་འགྲན་བསྡུར་དེ་མཉམ་བསྲེས་རུ་ཁག་དང་ཞིང་བའི་རུ་ཁག ཆེད་ལས་རུ་ཁག་བཅས་གསུམ་དུ་བགར་ཡོད།

        དེ་མིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རུ་ཁག་ལ་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་བྱ་དགའ་གནང་བ་རེད། 

         ཐེངས་འདིའི་སྤོ་ལོ་འགྲན་བསྡུར་ནི་ཨན་ཧུའེ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་ནས་སྤེལ་བ་ཡིན་ལ། རྒྱལ་ཁབ་སྤོ་ལོ་མཐུན་ཚོགས་དང་ཨན་ཧུའེ་ཞིང་ཆེན་ལུས་རྩལ་ཅུས། ཞུས་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་བསྒྲུབ་གནང་།