ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུའི་གལ་ཆེའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་རྫམ་ཟམ་ཆེན་སྦྲེལ་མཐུད་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-02   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ9ཚེས28ཉིན། ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུའི་རྫམ་ཟམ་ཆེན་སྦྲེལ་མཐུད་ལེགས་འགྲུབ་བྱུང་བ་དང་། དེས་ཟམ་ཆེན་གྱི་གཙོ་བོའི་སྒྲུབ་ཆའི་ཨར་སྐྲུན་ལ་འགག་རྩའི་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མཚོན་ཡོད། རྫམ་ཟམ་ཆེན་ནི་ཀྲུང་གོ་ལྕགས་ལམ་ཀོང་ཀྲོའུ་ཅུས་ཚོགས་པས་བསྐྲུན་འགན་འཁུར་བ་དང་།  མཐོ་ཚད་ལ་སྨི112ཡོད་ཅིང་། ཡར་ཀླུང་གཙང་པོའི་གྲོང་རོང་ངོགས་གཉིས་བར་འཕྲེད་རྒྱུག་བྱས་ཡོད་ལ།  ཆུའི་གཏིང་ཚད་སྨི66ཡོད།