རྒྱལ་སྟོན་དུས་ཆེན་སྐབས་ཀྱི་པོ་ཏ་མཚོའི་ཡུལ་སྐོར་མི་གྲངས་ལྗོངས་ཁུལ་གཞན་ལས་མང་ཙམ་ཡོད།

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-10-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་ཉིན་འདི་དག་ལ་བདེ་ཆེན་གྱི་ལྗོངས་ཁུལ་སོ་སོའི་ཡུལ་སྐོར་བ་དམིགས་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ། ལྷག་པར་དུ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་སྣེ་ལེན་བྱས་པའི་ཡུལ་སྐོར་མི་གྲངས་ལྗོངས་ཁུལ་གཞན་ལས་མང་ཙམ་ཡོད།

        རྒྱུས་ལོན་བྱུང་ལྟར་ན། ཚེས་པ་1ནས་ཚེས་པ་4བར་དུ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་མི་གྲངས་32736སྣེ་ལེན་བྱས་པ་རེད།ལྗོངས་ཁུལ་གྱི་ལས་བྱེད་པས་བཤད་པ་ལྟར་ན། པོ་ཏ་མཚོར་ཡུལ་སྐོར་དུ་ཡོང་བའི་མི་གྲངས་དམིགས་གསལ་གྱིས་མང་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་དུས་ཆེན་གྱི་སྔོན་ལ་འཛིག་ཤོག་གི་རིན་གོང་མར་ཕབ་པ་དེ་ཡིན་པར་འདོད་ཅེས་བཤད