རྩོམ་པ་པོ།   པད་མ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ད་ལོའི་རྒྱལ་སྟོན་སྐབས་ཁྱེད་རང་གང་དུ་ཕྱིན་ཡོད།ང་ཚོ་མི་བདུན་གྱིས་ཁ་སང་ཐའེ་ཀའོ་ནས་ཡོང་བ་ཡིན།དེ་སྔོན་ཕྱི་རྒྱལ་དུ་འགྲོ་རྒྱུ་དེ་དཀའ་མོ་ཞིག་ཡིན་འདོད་མོད།འོན་ཀྱང་ད་ལྟ་ཧ་ཅང་སྟབས་བདེ།གོང་ཡང་དེ་འདྲ་མི་མཐོ།ཐེངས་རྗེས་མར་ང་ཚོ་མཉམ་དུ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་ཨེ་རེད་ཞེས་ཨ་ནེ་བཀྲ་ཤིས་མཚོ་མོ་ཡིས་སྐད་འཕྲིན་གྱི་ལམ་ནང་རང་གི་གྲོགས་ཞིག་ལ་རྒྱལ་སྟོན་རིང་ཕྱི་རྒྱལ་ལ་ཡུལ་སྐོར་དུ་སོང་བའི་གནས་ཚུལ་བཤད་བཞིན་ཡོད།
ཨ་ནེ་བཀྲ་ཤིས་མཚོ་མོས་བཤད་ན།དེ་སྔོན་མོས་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་རྒྱུ་བསམ་ཡང་བསམ་མ་བྱུང་།ད་ལོའི་ཟླ8པའི་སྐབས་སུ་ཁོང་ཚང་གི་ཁྱིམ་མཚེས་བཟའ་ཟླ་གཉིས་ཀའི་སང་ཀ་ཕོར་རུ་ཡུལ་སྐོར་དུ་སོང་འདུག ང་ལ་མཚོན་ན་དབྱིན་སྐད་ཕར་ཞོག་རྒྱ་སྐད་ཡང་དེ་འདྲ་དག་མོ་ཞིག་བཤད་མི་ཐུབ་པས།ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་རྒྱུ་དེ་ཧ་ཅང་དཀའ་མོ་ཞིག་ཡིན་པར་འདོད།རྗེས་སུ་ཁྱིམ་མཚེས་ཚང་ནས་རྒྱུས་ལོན་བྱུང་རྗེས། སེམས་ཀྱི་ཉི་ཟླ་ནས་“གང་ལ་འགྲོ་རྒྱུ”ཞེས་པའི་དྲ་ཚིགས་ཀྱི་སེམས་ཀྱི་ཉི་ཟླའི་དམིགས་འཛུགས་དངོས་གཞིའི་ཚོང་ཁང་ཞིག་ཕྱེས་འདུག་ཟེར།ཁོ་མོ་དང་བཅས་པས་གནས་དེར་སོང་ནས་འདྲི་རྩད་བྱས་རྗེས།ཐེངས་འདིའི་རྒྱལ་སྟོན་སྐབས་ཀྱི་ཐའེ་ཀའོ་ཡུལ་སྐོར་འདི་བཀོད་སྒྲིག་བྱས་པ་ཡིན་ཞེས་བཤད་བྱུང་།
རྒྱུས་ལོན་བྱུང་བ་ལྟར་ན།“གང་ལ་འགྲོ་རྒྱུ”ཞེས་པའི་དྲ་ཚིགས་ནི་ཀྲུང་གོའི་ཡུལ་སྐོར་འཚོལ་བཤེར་མ་ལག་ཆེས་ཐོག་མ་ཡིན་པ་དང་།རྒྱལ་ཁབ་ཕྱི་ནང་གི་གོང་བཅག་གནམ་གྲུ་སྤ་སེ་དང་།མགྲོན་ཁང་།ཡུལ་སྐོར་ལམ་ཐིག མེ་འཁོར་སྤ་སེ།ལྗོངས་ཁུལ་སྤ་སེ་སོགས་གཅིག་གོ་མང་ཆོད་ཀྱི་ཆེད་ལས་སྔོན་མངག་གི་ཞབས་ཞུ་སྒྲུབ་བཞིན་ཡོད། “གང་ལ་འགྲོ་རྒྱུ”ཞེས་པའི་དྲ་ཚིགས་ཀྱི་སེམས་ཀྱི་ཉི་ཟླའི་དམིགས་འཛུགས་དངོས་གཞིའི་ཚོང་ཁང་ནི་ད་ལོའི་ཟླ7པའི་ཚེས9ཉིན་སྒོ་ཕྱེས་པ་དང་།སེམས་ཀྱི་ཉི་ཟླའི་རྒྱ་ཆེ་བའི་ཡུལ་མི་རྣམས་ལ་མིག་གིས་མཐོང་ཐུབ་པའི་ཡུལ་སྐོར་ཞབས་ཞུ་ལེགས་པོ་མཁོ་འདོན་བྱེད་བཞིན་ཡོད་པ་རེད།ཡུལ་སྐོར་ལམ་ཐིག་ཏུ་རྒྱལ་ནང་གི་ཡུལ་སྐོར་ཡོད་པ་མ་ཟད།ཕྱི་རྒྱལ་གྱི་ཡུལ་སྐོར་ལམ་ཐིག་ཡང་ཡོད་པ་རེད།ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་སྐབས་ལམ་ཡིག་རང་གིས་སྤེལ་དགོས་པ་དང་།འཐུས་མཆན་བཀོད་ཡིག་དངོས་གཞིའི་ཚོང་ཁང་གིས་སྤེལ་གྱི་ཡོད་པས།དམངས་ལ་སྟབས་བདེ་སྐྲུན་ཡོད་པ་རེད།