ཉི་ཤར་ཤང་ཞིང་ཧྥུ་གྲོང་སྡེས་སེ་པན་བཙུགས་ནས་བདེ་སྐྱིད་ཀྱི་ལམ་བུ་སྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-11   རྩོམ་ཁུངས།   

     

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཞིང་ཧྥུ་གྲོང་སྡེའི་སེ་པན་སྨིན་པ་དང་།  ས་གནས་དེ་གའི་མང་ཚོགས་ཀྱིས་སེ་པན་བཙུགས་ནས་ཡོང་འབབ་འཕར་བ་དང་དབུལ་ཐར་ཕྱུག་འགྱུར་བྱུང་བ་རེད།

    དེའི་སྔར། ཞིང་ཧྥུ་གྲོང་སྡེ་ནི་ས་ཁམས་གནས་ཡུལ་ཅུང་རྒྱང་རིང་བ་དང་།  ས་གནས་དེ་གའི་མང་ཚོགས་ཀྱི་བསམ་བློ་ཅུང་རྗེས་ལུས་ཡིན་པས།  ཐོན་ལས་བདག་གཉེར་གྱི་འདུ་ཤེས་མེད་པ་དང་།  དཔལ་འབྱོར་གྱི་ཡོང་འབབ་ཉུང་བ་རེད།  དཔལ་འབྱོར་དར་འཕེལ་མྱུར་དུ་གཏོང་བ་དང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་བའི་ཆེད་དུ།  ཞིང་ཧྥུ་གྲོང་སྡེའི་ཏང་ཨུ་དང་གྲོང་ཨུ་གཉིས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། མང་ཚོགས་ལ་འབྲེལ་གཏུག་དང་སྤེལ་རེས་བྱས་ནས་མང་ཚོགས་ཀྱིས་བསམ་བློ་གྱུར་བ་དང་ཕྱུར་གྱུར་གྱི་ལམ་བུ་གསར་པ་འཚོལ་བར་ཁྲིད་སྟོན་བྱས་ཏེ། གྲོང་སྡེའི་ཐུན་མོང་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི་50ལུས་ལོང་སེ་པན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་འཇོག་པ་དང་།   ཙུང་ཀྲི+མཉམ་ལས་ཁང་+ཞིང་དུད་ཀྱི་དཔེ་དབྱིབས་སྒོ་ནས་བདག་གཉེར་བྱས་པ་དང་ཞིང་དུད་ཀྱིས་སེ་པན་འདེབས་འཛུགས་བྱས་པར་སྐུལ་སློང་བྱས།  མཉམ་ལས་ཁང་གིས་ཞིང་དུད་ལ་རིན་མི་དགོས་པར་མྱུ་གུ་དང་འདེབས་འཛུགས་ཁྲོད་ཀྱི་ལག་རྩལ་ཞབས་ཞུ་འདོན་པ་དང་།  ཞིང་དུད་དང་ཉོ་སྒྲུབ་གན་རྒྱ་འཇོག་སྟེ།   སེ་པན་སྨིན་རྗེས་སྤྱི་རྒྱ་གང་ལ་སྒོར་མོ་7་རེས་ཉོ་སྒྲུབ་བྱས་ནས་ཡུས་ཞི་རུ་འདྲེན་ནས་ལས་སྣོན་བྱས་ཏེ་མཐར་ཚོང་རར་བཙོང་པ་རེད།

    ད་ལོར། ཞིང་ཧྥུ་གྲོང་སྡེས་སེ་པན་མུའུ་97.62འདེབས་འཛུགས་བྱེད་དེ་གྲོང་མི་ཚོ་ཆུང་13གྱི་ཞིང་དུད་170ཡིས་འདེབས་འཛུགས་བྱས་ཡོད་ལ།  དེའི་ཁྲོད་དུ་ཞིང་དུད་དཀྱུར་མ་153གྱིས་མུའུ་86.52འདེབས་འཛུགས་བྱས་ཡོད་པ་དང་གནད་འཕིགས་དབུལ་སྐྱོར་གྱི་ཞིང་དུད་17གྱིས་མུའུ་11.1འདེབས་འཛུགས་བྱས་ཡོད་པ་རེད།