རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-12   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་8ཉིན། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཁུལ་རིམ་པའི་ཚན་ཁག་གཙོ་གྲས་བཞིའི་འགོ་ཁྲིད་ཀྱི་མཉམ་འབྲེལ་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་སོགས་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག《ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་སྐོར་གྱི་་བསམ་འཆར་》དང་། ཞིང་ཨུའི་བོད་ཁུལ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཐེངས་གཉིས་པའི་ཁུལ་རིམ་པའི་ཚན་ཁག་གཙོ་གྲས་བཞིའི་འགོ་ཁྲིད་ཀྱི་མཉམ་འབྲེལ་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་མཁར་གཅིག་སྡུད་དྲོད་འདོན་དང་གྲོང་ཁྱེར་གྱི་དོ་དམ་ལ་ཤུགས་སྣོན་པ། ཆེས་མཛེས་པའི་བོད་ཁུལ་བསྐྲུན་པ་སོགས་ཀྱི་གཙོ་གནད་ལས་དོན་སྐུལ་འདེད་བཏང་བའི་གནས་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་སོགས་ལ་ཞིབ་ནན་བྱས་པ་རེད།
གྲོས་ཚོགས་ཀྱིས་བསྟན་དོན། གནས་བབ་མཐོ་རུ་གཏོང་བ་དང་། ཆབ་སྲིད་གླེང་བའི་མཐོ་ཚད་ལ་བརྟེན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། གཏིང་ཟབ་ཀྱིས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་བཀོད་སྒྲིག་དམ་འཛིན་བྱས་ཏེ་ཀྲུང་དབྱང་གི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ཀྱི་རྗེས་སུ་དམ་པོར་སྙེག་དགོས།
དབུལ་སྐྱོར་ལས་དོན་སྐོར་ལ། གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལ་ནན་པོར་གཞིགས་ནས། དམ་ཟབ་ཀྱིས་སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་བླང་བྱ་གཞིར་བཟུང་ནས། སྔ་ཕྱི་བར་གསུམ་དུ་རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གནད་སྨིན་དབུལ་སྐྱོར་ལས་དོན་དེ་སྔར་ལས་འབུར་དུ་ཐོན་པའི་གནས་སུ་འཇོག་དགོས་པ་དང་། གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་ཐར་ཡོང་བར་འབད་བརྩོན་བྱེད་དགོས། ཁུལ་དང་རྫོང་། ཤང་། གྲོང་ཚོ་དང་སྡེ་ཁག་སོ་སོས་ལས་འགན་ཁ་གསལ་བྱས་ནས། འགག་སྒྲོལ་གྱི་འོས་འགན་དང་། དམིགས་ཡུལ། བྱེད་ཐབས། དུས་ཚོད། ལག་བསྟར་བྱེད་པའི་ཐབས་ལམ་སོགས་གཏན་འཁེལ་བྱས་ཏེ་རིམ་པ་ཁག་གི་ལས་ཀ་གོ་རིམ་ཡོད་པའི་ངང་ནས་སྤེལ་དགོས། རྫོང་དང་གྲོང་ཁྱེར། རིམ་པ་ཁག་གི་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་དམིགས་འབེན་གཅིག་ཏུ་བསྡུས་ནས། ཕན་ཚུན་རོགས་རམ་དང་། མཉམ་ལས་བྱེད་པར་ཤུགས་བསྣན་ནས་འགག་སྒྲོལ་བྱེད་པར་ནུས་ཤུགས་གཅིག་ཏུ་ཐོན་པར་བྱས་ཏེ། ཕྱོགས་ཡོངས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་ཁག་ལ་སྐུལ་སྤེལ་གཏོང་དགོས།
མིག་སྔའི་གཙོ་གནད་ལས་དོན་གྱི་སྐོར་ལ་གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་བོད་ཁུལ་གྱི་བརྟན་ལྷིང་ལས་ཀར་དམ་འཛིན་བྱེད་དགོས་པ་དང་། གཙོ་བོ་དགོན་པའི་དོ་དམ་གྱི་དཀའ་གནས་ལ་སྲུང་སྐྱོང་བྱེད་པའི་བོད་ཁུལ་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་བརླིང་ཡོང་བའི་ཐོག་ལ་འབད་བརྩོན་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། མུ་མཐུད་དེ་ཁྲིམས་ལྟར་དགོན་པ་དང་གྲྭ་བཙུན་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་བོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས། གཉིས་ནས་རྣམ་གྲངས་ཀྱི་མ་དངུལ་འཇོག་པའི་ལས་ཀ་དམ་འཛིན་བྱས་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་གནད་ཆེའི་རྣམ་གྲངས་སྐུལ་འཁྲིད་བྱེད་པའི་འཐབ་ཇུས་དོན་འཁྱོལ་གཏོང་དགོས། གསུམ་ནས་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་ལྟ་ཞིབ་དང་། དབུལ་སྐྱོར་ཞིབ་བཤེར་རྩིས་ལེན། སྒྲིག་གཞི་བཅོས་བསྒྱུར་སོགས་ཀྱི་དོན་དག་གཙོ་བོ་ལེགས་པར་སྒྲུབ་དགོས། རང་ཁུལ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་རྣམ་པ་གསར་པ་གཏོད་དགོས།
ཚོགས་འདུའི་ཐོག ཁུལ་ཨུ་དང་། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པའི་ཁོངས་མི་རྣམས་ཀྱིས་རང་སོ་སོའི་ལས་ཀའི་ལས་བགོས་ལྟར། ཁུལ་རིམ་པའི་ཚན་ཁག་གཙོ་གྲས་བཞིའི་འགོ་ཁྲིད་ཀྱི་ཐེངས་གཉིས་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། མིག་སྔའི་ལས་དོན་གཙོ་བོ་དང་། སྐབས་རྗེས་མའི་ལས་ཀའི་སྐོར་ལ་གཏམ་བཤད་སྤེལ་བ་རེད།
ཁུལ་རིམ་པའི་ཚན་ཁག་གཙོ་བོ་བཞིའི་འགོ་ཁྲིད་ཀྱི་ཁོངས་མི་ཚོགས་འདུར་ཞུགས་ཡོད།