རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-12   རྩོམ་ཁུངས།   
ཟླ10པའི་ཚེས11ཉིན།ཀོང་རྩེད་རའི་སྐོར་བྲོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ།ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོང་མི་རྣམས་ཀྱིས་ལུས་སུ་གཟབ་ཆས་སྤྲས་ནས་རྒྱས་སྟོན་ལ་ཞུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོགཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲ་མ་ལ་དབྱི་ཡིས་ཀོང་རྩེད་རའི་གྲོང་རྡལ་ལ་ཀྲུང་གོའི་བོད་ཀྱི་སྐོར་བྲོ་རིག་གནས་ཀྱི་ཕ་ས་ཞེས་པའི་སྒོ་བྱང་སྤྲད་པ་རེད།
འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་ནི་ཀོང་རྩེད་རའི་སྐོར་བྲོའི་གཙོ་བྱས་ནས།ཀོང་རྩེད་རའི་རིག་གནས་རྣམ་པར་མངོན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།སྐོར་བྲོའི་དུས་ཆེན་གྱི་བྱ་འགུལ་ནི་ཉིན་ཁ་ཤས་ལ་སྤེལ་རྒྱུ་ཡིན་པ་དང་།ཐེངས་འདིར་ངོ་མཚར་བའི་སྐོར་བྲོ་འཁྲབ་སྟོན་ཡོད་པ་མ་ཟད།གཞན་ད་དུང་ས་གནས་ཁག་གི་འགྲེམས་འཁྲབ་དང་།གླུ་གཞས་ཆེད་ཚོགས།ལུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་སྣ་མང་ཡོད་པ་རེད།