༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་དུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་བདེ་ལེགས་ངང་མཇུག་བསྒྲིལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-17   རྩོམ་ཁུངས།    མི་དམངས་དྲ་བ།

        རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་རང་སྐྱོང་ལྗོངས་སུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བདེ་ལེགས་ངང་ལེགས་འགྲུབ་བྱུང་སྟེ། ཟླ་10ཚེས་16ཉིན་གྱི་སྔ་དྲོར་གཞིས་ཀ་རྩེ་ནས་ཞལ་གྱེས་གནང་ཡོད།

        ཟླ་གསུམ་གྱི་རིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་སོགས་སུ་གྲོང་ཚོ་དང་དུད་ཚང་ལ་ཕེབས་ནས། དབུལ་སྒྲོལ་འགག་སྒྲོལ་དང་སྣོད་བཅུད་སྲུང་སྐྱོབ། སློབ་གསོ་འཕེལ་རྒྱས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་གནང་ཡོད་པ་མ་ཟད་དགོན་པར་མཆོད་མཇལ་དང་། གསུང་ཆོས་གནང་བ་དང་སྦྱིན་པ་གནང་བ། ཕྱག་དབང་གནང་བ་སོགས་བྱས་ཏེ་སེར་སྐྱ་དད་ལྡན་མང་ཚོགས་རྣམས་ལ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་རྒྱུར་སློབ་གསོ་གནང་བར། སྤྱི་ཚོགས་ལས་རིགས་ཁག་དང་སེར་སྐྱ་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་ཚད་མེད་དང་སྤྱི་བཀུར་སྔར་ལས་ལྷག་པ་ཞུས་ཡོད།

        རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཡིན་པའི་ཆ་ནས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ལོ་རེར་བོད་ལྗོངས་སུ་སྡོད་རིང་བཀོད་སྒྲིག་གལ་ཆེན་ཞིག་ཡོད་དེ། མི་རིགས་ཁག་དང་ལས་རིགས་ཁག་ནང་ཟབ་ཞུགས་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་རྒྱུས་ལོན་བྱེད་ཀྱི་ཡོད། ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40སོང་རིང་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་འོག་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། གོང་འཕེལ་ཤུགས་ཆེན་ཕྱིན་ཡོད། བོད་ལྗོངས་ཀྱིས་ཞིབ་ཕྲའི་ལས་དོན་ཇི་ལྟར་སྒྲུབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྔར་བར་དོ་ཁུར་གནང་ནས། གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་དེ་བཞིན་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་གནང་གི་ཡོད།