བོད་བརྒྱུད་ནང་བསྟན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་དཔྱད་མོལ་ཚོགས་འདུ་དང་། དྲིན་ཤེས་དང་དྲིན་གཟོའི་ཆོས་དོན་དགོངས་འགྲེལ་ཐད་ཀྱི་གྲུབ་འབྲས་སྒྲོག་སྦྱོང་བརྗེ་རེས་ཚོགས་འདུ་ཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-18   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།

       

        ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་དུ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་། བོད་ལྗོངས་དང་། སི་ཁྲོན། ཡུན་ནན།ཀན་སུའུ། མཚོ་སྔོན་བཅས་ཀྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་གཙོ་སྒྲུབ་བྱས་པའི་བོད་བརྒྱུད་ནང་བསྟན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་དཔྱད་མོལ་ཚོགས་འདུ་དང་། དྲིན་ཤེས་དང་དྲིན་གཟོའི་ཆོས་དོན་དགོངས་འགྲེལ་ཐད་ཀྱི་གྲུབ་འབྲས་སྒྲོག་སྦྱོང་བརྗེ་རེས་ཚོགས་འདུ་མཚོ་སྔོན་ནང་བསྟན་སློབ་གླིང་དུ་གཟབ་རྒྱས་ངང་ཚོགས།

        ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་ཨ་ལགས་རིན་ཆེན་རྣམ་རྒྱལ་ཚང་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས། བོད་རང་སྐྱོང་ལྗོངས་འཐབ་སྒྲིལ་པུའུ་ཡི་པུའུ་ཀྲང་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ལེང་ཐེན། ཀན་སུའུ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ལི་ཚེ་རིང་རྒྱལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་སྒྲིལ་པུའུ་བོད་ཁུལ་བྱ་བའི་གཞུང་ལས་ཁང་གི་ཆེད་གཉེར་ཀྲུའུ་རིན་གཞོན་པ་ལོ་སྟག་ལྷ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཏང་ཨུའི་ཧྲུའུ་ཅི་ལན་ཧྲིན་ཧྥིན་བཅས་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་ཕུལ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་གཞོན་སངས་རྒྱས་བཀྲ་ཤིས་ཚོགས་འདུར་ཞུགས་ཏེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་འདུར་ཕུལ་བའི་ཤིས་ཚིག་སྒྲོག་འདོན་གནང་།

        ཚོགས་འདུ་ལས་བོད་བརྒྱུད་ནང་བསྟན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བརྗོད་དོན་དུ་བཟུང་ནས་དཔྱད་མོལ་གནང་བར་མ་ཟད། དྲིན་ཤེས་དང་དྲིན་གཟོའི་ཆོས་དོན་དགོངས་འགྲེལ་ཐད་ཀྱི་གྲུབ་འབྲས་བརྗེ་སྒྱུར་བྱེད་པར་སྐུལ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། ལྷག་པར་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བཟུང་སྟེ། ནང་བསྟན་ཀྲུང་གོ་ཅན་གྱི་ལོ་རྒྱུས་དང་དེའི་དེང་རབས་ཀྱི་ཕན་ནུས་ལ་འགྲེལ་བརྗོད་གནང་ནས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་ཁྲིད་སྟོན་གང་ལེགས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཞབས་འདེགས་ཞུས། །