༄༅།།ཀྲུང་གོའི་རྒྱལ་ནང་དུ་བོད་ཡིག་རྩིས་འཕྲིན་ཉེར་སྤྱོད་ལག་རྩལ་ཆེད་གཉེར་སློབ་ཆེན་གྱི་སློབ་མ་ཁག་དང་པོ་མཐར་ཕྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-30   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་10ཚེས་25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཞུང་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོའི་རྒྱལ་ནང་དུ་བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་གྱི་ཆེད་སྦྱོང་འཛིན་གྲྭའི་སློབ་མ་ཁག་དང་པོ་མཐར་ཕྱིན་པ་དང་། འདི་ཡིས་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་ལས་རིགས་སློབ་གསོའི་ནུས་པ་དང་། རྒྱ་བོད་སྐད་གཉིས་ཀྱི་རྩིས་འཁོར་ལག་རྩལ་བ་གསོ་སྐྱོང་སོགས་ཀྱི་ཐད་ལ་ཕན་པ་ཆེན་པོ་བསྐྲུན་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱི་བློ་བཟང་ཚན་རྩལ་སློབ་ཁྲིད་ས་ཚིགས་སུ་བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་གྱི་ཆེད་སྦྱོང་འཛིན་གྲྭ་ལ་ཁྱོན་སློབ་མ་17ཡོད་པ་དང་། དེ་ནི་ཀྲུང་གོའི་རྒྱལ་ནང་གི་བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་གྱི་ཆེད་སྦྱོང་འཛིན་གྲྭ་གཅིག་པུ་ཡིན་ཞིང་། མིག་སྔར། བློ་བཟང་ཚན་རྩལ་ཁང་དུ་སློབ་མ་5ལས་ཀར་ཞུགས་པ་དང་། སློབ་མ་གཞན་དག་གིས་རང་བརྟེན་ལས་ལམ་གསར་གཏོད་བྱས་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། བློ་བཟང་ལས་རིགས་སློབ་གྲྭ་ནི་2014ལོའི་ཟླ་12པར་བཙུགས་པ་དང་། རྒྱ་ཁྱོན་མུའུ་58ཡོད་ཅིང་། ཁང་པ་བསྐྲུན་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་14000ཡོད་པ་རེད། གཙོ་བོ་བོད་ཡིག་གི་ཆ་འཕྲིན་ལག་རྩལ་གཙོར་བྱས་ནས་དུས་ཡུན་ཐུང་ངུའི་གསོ་སྦྱོང་སྣ་ཚོགས་དང་། རྒྱ་བོད་སྐད་གཉིས་ཀྱི་ཁེ་ལས་གསོ་སྐྱོང་དང་བོད་ཡིག་རྩིས་འཁོར་ཉེར་སྤྱོད་ལག་རྩལ་གྱི་ཆེད་ལས་སློབ་རིམ་སློབ་གསོའི་འགན་ཁུར་བཞིན་ཡོད།