གསར་འགོད་པའི་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        གསར་འགོད་པའི་དུས་ཆེན་ནི་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤྱི་ལོ2000ལོའི་ཟླ1པོའི་ཚེས25ཉིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གསར་འགོད་པའི་དུས་ཆེན་ལ་ཆོག་མཆན་ཐོབ་རྒྱུའི་སྐོར་གྱི་སྙན་ཞུ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གི་ཆེད་མཁས་པས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་བློན་ལ་སྙན་ཞུ་ཕུལ་ཞིང་། ཀྲུང་དབྱང་གི་དབུ་ཁྲིད་རིམ་པས་ཆོག་མཆན་ཐོབ་པ་བརྒྱུད་སྤྱི་ལོ2000ལོའི་ཟླ8པའི་ཚེས1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གསར་འགོད་པའི་དུས་ཆེན་གཏན་ཁེལ་བྱེད་པའི་སྐོར་གྱི་བཀའ་ཞུ》ཞེས་པའི་ཡིག་ཆ་དངོས་སུ་བཀྲམ་ཞིང་། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་དབུ་བརྙེས་པའི་ཉིན་མོ་སྟེ་སྤྱི་ཟླ11པའི་ཚེས8ཉིན་ནི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ལ་གཏན་ཁེལ་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པ་ལྟར། གསར་འགོད་པའི་དུས་ཆེན་ནི་གུང་གསེང་གཏང་རྒྱུ་མེད་ཅིང་ལས་སྒྲུབ་བྱེད་དགོས་པའི་ཉིན་མོ་ཞིག་ཡིན་ལ། པེ་ཅིང་གྲོང་མཁར་གྱི་ཤར་ཕྱོགས་སུ་ཆགས་ཡོད་པའི་ཀྲུང་གོའི་འཕྲིན་སྦྱོར་སློབ་ཆེན་གྱིས་ལོ་རེའི་སྤྱི་ཟླ11པའི་ཟླ་འགོར་ཀྲུང་གོའི་འཕྲིན་སྦྱོར་སློབ་མའི་གསར་འགོད་པའི་དུས་ཆེན་ཧ་ཅང་རྒྱས་སྤྲོས་ཀྱི་ངང་ནས་བསྒྲུབས་ཤིང་ལས་རིགས་ཁག་གི་ཤེས་ལྡན་མི་སྣ་དག་སློབ་གླིང་འདིར་འཛོམས་བཞིན་ཡོད། སློབ་གླིང་འདི་གས་འགོ་བརྩམས་པ་ནས་བཟུང་རྒྱལ་ནང་གི་ས་ཆ་སོ་སོར་གསར་འགོད་པའི་དུས་ཆེན་གཏོང་བཞིན་ཡོད་པ་རེད།


        ཏང་གི་ཡང་དག་པའི་འགོ་ཁྲིད་དང་ངེད་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་དཀའ་སྤྱད་འབད་བརྩོན་འོག  མིག་སྔར་ངེད་བོད་ཡིག་སྡེ་ཁག་ལ་བདེ་ཆེན་བོད་ཡིག་ཚགས་པར་དང་། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། བདེ་ཆེན་བོད་ཡིག་འཕྲིན་སྦྱོར། བདེ་ཆེན་བོད་ཡིག་ལག་འཕྲིན་ཚགས་པར། སེམས་ཀྱི་ཉི་ཟླAPPབཅས་ཡོད་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།