རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-13   རྩོམ་ཁུངས།    མི་དམངས་དྲ་བ།
གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནགས་ཚལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་ཅུས་འདིས། ཁྲིམས་འགལ་ངང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་ཤྭ་རྭ་སྒྲུག་པའི་གྱོད་དོན་ཞིག་ཁྲིམས་ལྟར་རྩད་ཆོད་བྱུང་བ་རེད།
གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་གཉན་པོ་གཡུ་རྩེ་སྲུང་སྐྱོང་ཡན་ལག་ཁུལ་མངགས་གཏོང་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཟླ་10བའི་ཟླ་མཇུག་ཏུ། མངགས་གཏོང་ཁང་འདི་རུ་མཚོ་སྔོན་གཅིག་སྒྲིལ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཁ་པར་ཞིག་ཐོན་ཏེ། ཞིང་ཆེན་ལམ་101གི་དཔལ་ཡུལ་ནས་གཅིག་སྒྲིལ་གྱི་ཕྱོགས་སུ། ཁྲིམས་འགལ་ངང་ཤྭ་རྭ་དབོར་བའི་རླངས་འཁོར་གཅིག་ཞིབ་བཤེར་བྱས་ཡོད་པ་བརྗོད།
ཞིབ་བཤེར་བྱས་པ་བརྒྱུད། དེ་ནི་ཀན་སུའུ་ཞིང་ཆེན་ནས་ཡིན་པའི་སྐྱེས་པ་མཱ་ཆེ་གེ་མོ་ཡུན་དང་མཱ་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་འགལ་ངང་ཤྭ་རྭ་འབོར་ཆེན་དབོར་བ་ཡིན་ཞིང་། ཁོང་གཉིས་ཀྱིས་མཚོ་སྔོན་གཅིག་སྒྲིལ་རྫོང་དཔལ་ཡུལ་ཤང་མཚོ་སྔོ་རེ་འགྲམ་ནས་ཤྭ་རྭ་སྒྲུག་པ་རེད་འདུག (ཞིབ་བཤེར་བྱས་པ་བརྒྱུད། ས་གནས་དེ་ནི་གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉན་པོ་གཡུ་རྩེ་སྲུང་སྐྱོང་ཡན་ལག་ཁུལ་རེད།)
ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་རྟོག་པས་མཱ་ཆེ་གེ་མོ་ཡུན་དང་མཱ་ཆེ་གེ་མོ་གཉིས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་གཙོ་སྐྱོང་སྡེ་ཁག་གིས་ཆོག་མཆན་སྤྲད་མེད་པའི་གནས་ཚུལ་འོག རང་དགར་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་ཏེ་ཤྭ་རྭ་སྒྲུག་པའི་ཁྲིམས་འགལ་བྱ་སྤྱོད་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་ཡོད། མཱ་ཆེ་གེ་མོ་ཡུན་དང་མཱ་ཆེ་གེ་མོ་གཉིས་ཀྱིས་རང་གི་ཁྲིམས་འགལ་བྱ་སྤྱོད་ཁས་ལེན་བྱས་པ་དང་། ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཁོང་གཉིས་ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་བའི་བྱ་སྤྱོད་ལ་སྲིད་འཛིན་གྱི་ཆད་པ་བཅད་ཡོད།
མི་དམངས་ཉེན་རྟོགས་པས་དྲན་སྐུལ་བཏང་དོན། རང་བྱུང་སྲུང་སྐྱོང་ཁུལ་ནས་ཁྲིམས་འགལ་ངང་སྒོ་ང་དང་། རི་སྐྱེས་སྲོག་ཆགས་ཀྱི་མགོ་རུས། རྭ་ཅོ་སོགས་སྒྲུག་པ་ཚང་མ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན།