འཚོ་བའི་སྤྱོད་རྫས་འདང་ངེས་མཁོ་འདོན་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-14   རྩོམ་ཁུངས།    མི་དམངས་དྲ་བ།

             

        བོད་རང་སྐྱོང་ལྗོངས་ཀྱི་འཇོ་མདའ་རྫོང་སྤོ་ལོ་ཤང་གི་བཀོད་སྒྲིག་བྱ་ཡུལ་ཁམས་བཀྲ་ཤིས་ནི་སྤོ་ལོ་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་3ཙམ་དུ་ཡོད་ཅིང་། དེ་ནི་ས་རྒྱ་ཆེ་ལ་ཁོད་སྙོམས་པའི་རི་ཁུག་ཏུ་གནས་ཤིང་། འཁྱིལ་མཚོའི་ཆུ་ངོས་ལས་སྨི་100ལྷག་གིས་མཐོ་བ་ཡོད་ཅིང་། ཟླ་10ཚེས་11ཉིན་འབྲི་ཆུའི་བལ་དཀར་རྒྱུད་ཀྱི་རི་ཉིལ་བའི་གནས་ཚུལ་ཐོན་རྗེས། ས་གནས་དེས་གནས་དེར་བཀོད་སྒྲིག་བྱ་ཡུལ་བཙུགས་ཏེ། ཉེ་འཁོར་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱས་ཡོད་པ་རེད།