རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ11པའི་ཚེས14ཉིན་གྱི་ཞོགས་པའི་ཆུ་ཚོད་2:30ཡས་མས་སུ།འབྲི་ཆུའི་11·3རི་ཉིལ་ནས་ཆུ་བཀག་པའི་ཆུ་ལོག་དེ་བདེ་ཆེན་ཁུལ་འཇོལ་རྫོང་གཡག་ར་ཤང་གི་མངའ་ཁོངས་སུ་སླེབས། ཚེས15ཉིན་གྱི་ཆུ་ཚོད14བར་དུ། ཆུ་ལོག་དེ་ཅིན་ཅང་གྲོང་བརྡལ་གྱི་བར་དུ་ཐོན་པ་དང་། ཐེངས་འདིའི་ཆུ་ལོག་བཞུར་ཚད་ཆེ་ལ་རྒྱུག་ཚད་ཤིན་ཏུ་མགྱོགས། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་ཤང་དང་གྲོང་རྡལ་ཁ་ཤས་ཀྱི་རྨང་གཞིའི་སྒྲིག་ཆས་དང་། ཞིང་ས། སྡོད་ཁང་སོགས་ཀྱི་གནས་ཚུལ་ལ་མ་སྐུལ་དང་ལེན་དང་། ཧུར་ཐག་གིས་གདོང་ལེན་བྱས་ནས་ཐུགས་འཁུར་གནང་ཡོད། མིག་སྔའི་བར་དུ་མི་ལ་གནོད་སྐྱོན་བཏང་བའི་གནས་ཚུལ་བྱུང་མེད།
ཟླ11པའི་ཚེས14ཉིན་གྱི་ཆུ་ཚོད17བར་དཔལ་དཀར་རི་ཉིལ་བཀག་ཆུའི་ཆུ་ལོག་གིས་བདེ་ཆེན་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དང་། ཆུ་བེད་རྨང་གཞིའི་འཛུགས་སྐྲུན། སྡོད་ཁང་སོགས་ལ་ཚད་མི་འདྲ་བའི་གཏོར་བརླག་བཏང་ཡོད། ཐོག་མའི་སྡོམ་རྩིས་ལྟར་ན། ཐེངས་འདིའི་ཆུ་ལོག་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ལ་མ་དངུལ་སྒོར་ཁྲི5800ཡི་གྱོང་གུད་བཟོས་འདུག ཟམ་པ8སྣུབ་པ་དང་། སྡོད་ཁང200ལ་གནོད་འཚེ་ཐེབས་འདུག གནོད་སྐྱོན་ཐེབས་པའི་གནས་ཚུལ་དང་གྱོང་གུད་སོགས་མུ་མཐུད་སྡོམ་རྩིས་བྱེད་བཞིན་པའི་སྒང་ཡིན།
མིག་སྔར། རང་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་གནོད་འཚེ་ཐེབས་པའི་ས་ཁུལ་དང་མང་ཚོགས་ལ་ཐུགས་འཁུར་ཚད་མེད་གནང་ནས། སྐབས་ཐོག་ཏུ་གནོད་འཚེ་མྱོང་བའི་མང་ཚོགས་བདེ་འཇགས་བཀོད་སྒྲིག་ས་ཚིགས་སུ་གནས་སྤོར་དུ་འཇུག་པ་དང་། ཉེར་མཁོའི་དངོས་རྫས་གནང་ནས་ཕྱོགས་གང་ཅིའི་ཐད་ནུས་པ་བླ་ལྷག་འདོན་བཞིན་ཡོད།