བོད་རིག་པའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་འབྲས་བཟང་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-20   རྩོམ་ཁུངས།    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།

        ཟླ་11པའི་ཚེས་14ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་ཐུན་མོང་ཐོག་འབུམ་རམས་པའི་ས་ཚིགས་བཙུགས་ནས་ལོ་ངོ་བཅོ་ལྔ་འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགོ་ཁྲིད་དང་སྐུ་མགྲོན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པའི་འབུམ་རམས་པའི་ས་ཚིགས་ཀྱིས་ཐུན་མོང་ཐོག་གསོ་སྐྱོང་བྱས་པའི་འབུམ་རམས་པའི་འཐུས་མི་40ལྷག་ཙམ་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད།

▲ འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨན་ཆི་དབྱི་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་གནང་བའི་རྣམ་པ་རེད།

        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གསོ་སྐྱོང་བྱེད་གནས་ནི་རང་རྒྱལ་གྱི་ཚན་ཞིབ་ཁང་དང་སློབ་ཆེན་གྱིས་མཉམ་དུ་བོད་རིག་པའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་གྲངས་ཐོག་མ་དེ་ཡིན། 2003 ལོར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་མཉམ་འབྲེལ་ཐོག་བཙུགས་པའི་འབུམ་རམས་པའི་ཡོན་གནས་ལ་ཆོག་མཆན་ཐོབ་ནས་སློབ་མ་བསྡུ་འགོ་བརྩམས་པ་དང་། 2004 ལོར་ཁག་དང་པོའི་འབུམ་རམས་པའི་སློབ་མ་སློབ་གྲྭར་ཐོན་ཡོད།  ཆེད་ལས་དེའི་འོག་ཏུ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས།   བོད་ཀྱི་སྤྱི་ཚོགས་དང་རིག་གནས་སོགས་ཞིབ་འཇུག་གི་ཁ་ཕྱོགས་བཙུགས་ཡོད།  2009ལོར་མི་རིགས་རིག་པའི་འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་།2010ལོར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ་དུ་བསྒྱུར། 2003 ལོར་འབུམ་རམས་པའི་ས་ཚིགས་བཙུགས་པ་ནས་བཟུང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྔ་གཞུག་ཏུ་ལྷག་པ་ཕུན་ཚོགས་དང་། དགེ་ལེགས།  ཁྲེན་ཆིང་དབྱིང་། དགྲ་འདུལ། ཀྲང་མེན་སོགས་རིགས་གཅིག་མཁས་དབང་གདན་དྲངས་ནས་འབུམ་རམས་པའི་སློབ་དཔོན་དང་སློབ་ཁྲིད་དགེ་རྒན་དུ་བསྟེན་ཏེ། ད་ལྟའི་བར་བོད་རིག་པའི་འབུམ་རམས་པ་80 ལྷག་གསོ་སྐྱོང་གནང་ཡོད། 

        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཨན་ཆི་དབྱི་ཚོགས་འདུར་ཞུགས་ཏེ་ཤིས་ཚིག་གནང་ཞིང་།  ཁོས་ཐུན་མོང་ཐོག་འབུམ་རམས་པའི་ས་ཚིགས་བཙུགས་ནས་ལོ་ངོ་བཅོ་ལྔའི་རིང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ལྷག་པར་དུ་རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་གི་ཤེས་ལྡན་མི་སྣ་རྩེ་གྲའི་དཔུང་ཁག་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཤིང་།  “མ་འོངས་བར་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཟམ་མི་ཆད་པར་འབུམ་རམས་པའི་ས་ཚིགས་ཐུན་མོང་ཐོག་འཛུགས་སྐྲུན་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་བྱ་གཞག་མཐོ་རླབས་གསར་པ་ཞིག་ཏུ་དེད་དེ།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། “ལོ་ངོ་བརྒྱ་གཉིས” ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་བར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

▲འདི་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཙེང་མིང་གིས་ཤིས་ཚིག་གནང་བའི་རྣམ་པ་རེད།

        ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཙེང་མིང་གིས་ཤིས་ཚིག་གནང་སྐབས་ཐུན་མོང་ཐོག་འབུམ་རམས་པའི་ས་ཚིགས་བཙུགས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་ངང་ཕྱིར་དྲན་བྱས་ཏེ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་འོག 2003ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས་མི་རིགས་རིག་པའི་འབུམ་རམས་པ་གསོ་སྐྱོང་ས་ཚིགས་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་གྱི་འགོ་ཚུགས་ཤིང་། ལོ་དེའི་ཟླ་7པར། མི་རིགས་རིག་པའི་འབུམ་རམས་པའི་ས་ཚིགས་དངོས་སུ་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་།  2004ལོར་མི་རིགས་རིག་པའི་འབུམ་རམས་པའི་སློབ་མ་ཐོག་མ་སློབ་གྲྭའི་ནང་དུ་ཡོང་བ་དང་། 2008ལོར་སི་ཁྲོན་ཞིང་ཆེན་རིམ་པ་དང་པོའི་གཙོ་གནད་རིག་ཚན་དུ་ཆོག་མཆན་ཐོབ། 2009ལོར་མི་རིགས་རིག་པའི་འབུམ་རམས་པ་ཕྱི་ཚར་གྱི་ཚན་ཞིབ་སྐོར་སྐྱོད་ས་ཚིགས་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་། 2010ལོར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་སུ་འཕར་བ་དང་། ལོ་ངོ་བཅོ་ལྔའི་རིང་། ཕྱོགས་གཉིས་པོས་བསམ་པ་རྣམ་དག་གིས་བསམ་ཚུལ་བརྗེ་རེས་དང་མཉམ་ལས་དང་། བློ་གཅིག་སེམས་གཅིག་གིས་ཐུན་མོང་ཐོག་བོད་རིག་པ་ཞིབ་འཇུག་གི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཇུས་ཆེན་བཏོན་ཏེ།  མཛའ་བརྩེ་ཟབ་མོ་བསྒྲིགས་ཏེ་གྲུབ་འབྲས་གཡུར་ཟ་བ་བླངས་པ་དང་།  ཡང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཞིབ་འཇུག་གི་གྲུབ་འབྲས་ཁག་ཅིག་གསར་སྐྲུན་བྱས་ཏེ། ཕྱོགས་གཉིས་པོས་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་པའི་བོད་རིག་པ་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་དེ་ཉིད་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་གི་དཔུང་སྡེའི་ནང་གི་རྐང་འཛིན་པའི་སྲོག་ཤིང་གི་སྟོབས་ཤུགས་སུ་གྱུར་ཡོད།

▲འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད།

        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཐུན་མོང་ཐོག་འབུམ་རམས་པའི་ས་ཚིགས་བཙུགས་ནས་བླངས་པའི་གྲུབ་འབྲས་དེ་ནི་རྒྱལ་ཁབ་ཀྱིས་བོད་རིག་པ་ཞིབ་འཇུག་དང་བོད་རིག་པའི་རིག་ཚན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད་ཅིང་། མཉམ་གཏོད་ལས་ཁུངས་གཉིས་ཀྱི་མཉམ་ལས་གང་ལེགས་དང་། སློབ་ཚན་འཁྲིད་མཁན་དགེ་རྒན་གྱི་དཀའ་སྤྱད་སྡུག་རུས་དང་ཁ་འབྲལ་ཐབས་མེད་ལ། འབུམ་རམས་པའི་སློབ་མ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་དང་འབད་བརྩོན་ལྷོད་མེད་ཀྱིས་སློབ་གཉེར་བྱས་པར་ཡང་ཁ་འབྲལ་ཐབས་མེད།  མ་འོངས་པའི་འཕེལ་རྒྱས་ཁྲོད།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་ཐུན་མོང་ཐོག་འབུམ་རམས་པའི་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། མུ་མཐུད་དུ་བོད་རིག་པ་ཞིབ་འཇུག་གི་བྱ་གཞག་དང་བོད་རིག་པའི་རིག་ཚན་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། དེ་བས་ཀྱང་འབུམ་རམས་པའི་ས་ཚིགས་བསྐྲུན་རྒྱུ་དེ་སྒྲོག་ཐག་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་དེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་དང་། མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་འཕེལ་རྒྱས་དང་བརྟན་ལྷིང་ཆེད་དང་།  བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཐད་ནུས་པ་སྔར་ལས་ཆེ་བ་འདོན་དགོས་ཞེས་གསུངས།

▲བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རེད།

▲འགོ་ཁྲིད་དང་སྐུ་མགྲོན་དང་འབུམ་རམས་པའི་འཐུས་མི་རྣམས་མཉམ་དུ་བླངས་པའི་འདྲ་པར་རེད།

        དེའི་འཕྲོར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པའི་འབུམ་རམས་པ་ས་ཚིགས་ཀྱི་མཛུབ་སྟོན་དགེ་རྒན་གྱི་འཐུས་མི་སློབ་དཔོན་ཆེན་མོ་ཀྲང་ཅན་ཧྲི་དང་།  སློབ་མའི་འཐུས་ཚབ་སློབ་དཔོན་ཆེན་མོ་གཞོན་པ་ཞེང་ཅིན་ལིང་དང་མཉམ་འབྲེལ་གསོ་སྐྱོང་བྱས་པའི་བོད་རིག་པའི་འབུམ་རམས་པ་བཅུ་བཞིས་རང་ཉིད་ཀྱི་སློབ་གཉེར་བྱ་བའི་བརྒྱུད་རིམ་དང་ཞིབ་འཇུག་གི་གྲུབ་འབྲས་གསར་པ་དང་འབྲེལ་ནས་ངོ་མཚར་བའི་གཏམ་བཤད་གནང་ཞིང་།  གྲོས་ཚོགས་འཚོགས་རིང་། ཚོགས་ཞུགས་འཐུས་མིས་མཛུབ་སྟོན་དང་དཔྱད་གླེང་བྱས་པ་དང་།  གནང་དེང་བདའ་འདེད་ཀྱིས་ལོ་བཅོ་ལྔའི་རིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཏེ།  མི་རིགས་རིག་པའི་འབུམ་རམས་པའི་ས་ཚིགས་ཀྱི་འབྱུང་འགྱུར་སྔར་ལས་ཇེ་ལེགས་ཇེ་མགྱོགས་ངང་འཕེལ་རྒྱས་ཡོང་བར་ཐབས་འདོན་ཇུས་འབུལ་བྱས་ཤིང་།  འབུམ་རམས་པའི་ས་ཚིགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་བར་བྱས་རྗེས་དེ་བས་ཆེན་པོ་འཇོག་པའི་སྨོན་འདུན་ཞུས།