རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ11པའི་ཚེས་21ཉིན། བདེ་ཆེན་ཁུལ་ལོ་ཆུང་གཞོན་ནུའི་དངོས་མིན་རིག་གནས་ཤུལ་བཞག་བརྗོད་བྱ་གཙོ་བོ་བྱས་པའི་བོད་སྐད་གཏམ་བཤད་འགྲན་བསྡུར་སྐབས་དང་པོ་དེ་བདེ་ཆེན་བོད་ཡིག་སློབ་འབྲིང་ནས་གཟབ་རྒྱས་ངང་བསྡུས། གཏམ་བཤད་འགྲན་བསྡུར་དེ་དམའ་འབྲིང་དང་མཐོ་འབྲིང་གི་སྐོར་ཁག་གཉིས་སུ་བགོས་ཡོད་ལ། བསྡོམས་པས་སློབ་མ་26ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད་ལ། ཐེངས་འདིའི་གཏམ་བཤད་འགྲན་བསྡུར་ལ་དམའ་འབྲིང་ཚན་པའི་འགྲན་ཞུགས་པ་མི11དང་། མཐོ་འབྲིང་ཚན་པའི་འགྲན་ཞུགས་པ་མི15ཡོད། དེ་ཡང་སློམ་མ་རྣམས་ཀྱི་གཏམ་བཤད་ཀྱི་ནང་དོན་ལ་ཡང་འཇོལ་གྱི་རྦད་བཤད་དང་རྒྱལ་ཐང་གི་སྐོར་བྲོ། ཁ་བཏགས་ཀྱི་དར་སྲོལ། གནས་ཆེན་ངོ་སྤྲོད། ཐང་གའི་སྒྱུ་རྩལ་ངོ་སྤྲོད། ལོ་རྒྱུས་མི་སྣ་ངོ་སྤྲོད་སོགས་ནང་དོན་སྣ་ཚོགས་ཡོད།
འདི་ལྟ་བུའི་བོད་སྐད་གཙང་མའི་གཏམ་བཤད་འགྲན་བསྡུར་ཞིག་བདེ་ཆེན་བོད་ཡིག་སློབ་འབྲིང་ནས་སྤེལ་བར་ཡང་དོན་སྙིང་ཆེན་པོ་ལྡན་ཏེ། གཞོན་ནུ་ལོ་ཆུང་ཚོས་རང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ། སྐད་དང་ཡི་གེ་རྒྱུན་འཛིན་བཅས་ཀྱི་འདུ་ཤེས་གོང་འཕེལ་གཏོང་བར་ཕན་པ་ཆེན་པོ་ལྡན་ཡོད།
ཐེངས་འདིའི་གཏམ་བཤད་འགྲན་བསྡུར་དེ་ཡང་གོ་རིམ་ལྡན་ཞིང་ཧ་ཅང་ཚད་ལྡན་ཡིན་ཏེ། ས་གནས་ཀྱི་བོད་ཀྱི་སྐད་དང་ཡི་གེ སྲོལ་རྒྱུན་རིག་གནས་བཅས་ལ་རྒྱུས་ལོན་གཏིང་ཟབ་ཡོད་པའི་མཁས་པ་དང་རིག་གཞུང་ཞིབ་འཇུག་པ། དགེ་རྒན་སོགས་མི་སྣ་གྲགས་ཅན་འགའ་དཔྱད་འདེམས་པར་གདན་འདྲེན་བྱས་ཡོད་ལ། དཔྱད་འདེམས་པ་རྣམས་ཀྱིས་འགྲན་ཞུགས་སློབ་མ་རེ་རེའི་གཏམ་བཤད་ཀྱི་ནང་དོན་དང་གྱོན་གོས། ཕྱི་ལུས་ཀྱི་ཉམས་འགྱུར། སྐད་གདངས་ཀྱི་མཐོ་དམའ། སྨྲ་ལྕེ་དག་མིན་སོགས་ཕྱོགས་བསྡུས་ཀྱི་སྒོ་ནས་སྐར་མ་སྟེར་བཞིན་ཡོད་པ་རེད།
འགྲན་ཞུགས་སློབ་མ་སོ་སོས་གཏམ་བཤད་བྱས་ཚར་རྗེས་དཔྱད་འདེམས་པའི་ཚབ་བྱེད་མི་སྣ་སྟེ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དགེན་པདྨ་ཚེ་རིང་གིས་སྤྱིའི་ཆ་ནས་འགྲན་ཞུགས་སློབ་མ་ཚོའི་གཏམ་བཤད་བྱེད་པའི་སྐབས་ཀྱི་མི་འདང་ས་དང་མཉམ་འཇོག་བྱ་དགོས་སར་ཕྱོགས་བསྡོམས་རང་བཞིན་གྱི་དཔྱད་བརྗོད་ཐེངས་གཅིག་བྱས་ལ། ཞོར་ཏུ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་གལ་ཆེའི་རང་བཞིན་བཤད་པས་སློབ་མ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།
ཛ
ཛ་དྲག་གི་འགྲན་བསྡུར་དེ་དུས་ཚོད་གཉིས་ལྷག་ལ་སྤེལ་བ་བརྒྱུད། མཐར་སློབ་གྲོགས་རྡོ་རྗེ་ཚེ་རིང་དམའ་འབྲིང་སྐོར་ཁག་གི་འགྲན་ཞུགས་པ་རྣམས་ལས་དམིགས་སུ་ཐོན་ཏེ་བྱ་དགའ་ཨང་དང་བོ་ཐོབ་ལ། སློབ་གྲོགས་སྒྲོམ་མ་གཡང་འཛོམས་མཐོ་འབྲིང་སྐོར་ཁག་གི་འགྲན་ཞུགས་པ་རྣམས་ལས་དམིགས་སུ་ཐོན་ཏེ་ཨ་བྱ་དགའ་ཨང་དང་པོ་ཐོབ་པ་རེད། དེ་མིན་སློབ་གྲོགས་ཚེ་རིང་ལྷ་མོ་དང་པདྨ་མ་ཚེ་རིང་སོགས་སློབ་གྲོགས་དྲུག་ལ་བྱ་དགའ་ཨང་གཉིས་པ་བོབ་པ་རེད།
ཐེངས་འདིའི་བྱེད་སྒོ་འདི་བདེ་ཆེན་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་ཅུས་དང་བདེ་ཆེན་སློབ་གསོ་ཅུས་གཉིས་ཀྱིས་གཙོ་སྒྲུབ་གནང་ལ། བདེ་ཆེན་བོད་ཡིག་སློབ་འབྲིང་དང་བདེ་ཆེན་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས་གཉིས་ཀྱིས་འགན་བསྒྲུབ་གནང་བ་རེད། ཐེངས་འདིའི་བྱེད་སྒོ་འདི་བདེ་ཆེན་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་ཅུས་དང་བདེ་ཆེན་སློབ་གསོ་ཅུས་གཉིས་ཀྱིས་གཙོ་སྒྲུབ་གནང་ལ།བདེ་ཆེན་བོད་ཡིག་སློབ་འབྲིང་དང་བདེ་ཆེན་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས་གཉིས་ཀྱིས་འགན་བསྒྲུབ་གནང་བ་རེད།