རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-04   རྩོམ་ཁུངས།   
ཟླ་བ་11པའི་ཚེས་25ནས་ཟླ་12པའི་ཚེས་པ་2བར། རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་དང་དཔུང་ཁག་གསུམ་གཞི་རིམ་ལ་སྐྱོད་པའི་བྱེད་སྒོས་རིག་གནས་དང་ཞབས་ཞུ་གྲོང་སྡེ་སོ་སོར་བསྐྱལ་བ་མ་ཟད། ལྷག་པར་དུ་ཏང་དང་སྲིད་གཞུང་གི་ཐུགས་བརྩེ་དྲོན་མོ་མང་ཚོགས་ཀྱི་སེམས་སུ་བསྐྱལ་བ་རེད། བྱེད་སྒོ་འདི་ཉིན་བདུན་ལ་སྤེལ་ཞིང་། འབའ་ལུང་རྫོང་གི་ཤང་བདུན་དང་གྲོང་རྡལ་གསུམ་ལ་སོང་། བྱེད་སྒོར་ངོ་མཚར་གྱི་གླུ་གར་འཁྲབ་སྟོན་ལས་གཞན་ད་དུང་《རྩ་ཁྲིམས་》དང་《འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས།》 ནག་ཚོགས་སྤྱོད་ངན་དག་སེལ་སོགས་ཀྱི་སྒྲིག་ཁྲིམས་དང་སྲིད་ཇུས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།
ཤང་དང་གྲོང་རྡལ་ལ་ཐོན་ཐེངས་རེར་ཁུལ་དང་རྫོང་གི་དྲིལ་བསྒྲགས་སྡེ་ཁག་དང་ཁྲིམས་འཛིན། ཞིང་ཕྱུགས། ཁོར་སྲུང་། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་སོགས་དཔུང་ཁག་གསུམ་ལ་གཏོགས་པའི་ལས་ཁུངས་དང་མི་སྣས་བློ་འདྲིའི་གནས་བཙུགས་པ་དང་བརྡ་ཡིག་སྦྱར་བ། དྲིལ་བསྒྲགས་སྒོ་བྱང་བཤམས་པ། དྲིལ་བསྒྲགས་ཡིག་ཆ་བཀྲམ་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་ནས། ས་གནས་མང་ཚོགས་ལ་ཁྲིམས་ལུགས་བློ་འདྲི་དང་ཚན་རྩལ་ཞབས་ཞུ། རིགས་སོ་སོའི་དྲིལ་བསྒྲགས་ལག་དེབ་མཁོ་སྤྲོད་བྱས་པ་རེད། དེ་མིན་ད་རུང་《རྩ་ཁྲིམས་》རྒྱུན་ཤེས་ལག་དེབ་དང་དམངས་ཕན་སྲིད་ཇུས་ཀྱི་འགྲེལ་བའི་ལག་དེབ། ནད་རིགས་སྔོན་འགོག ཁྱད་ལྡན་ཞིང་ཕྱུགས་ལས་རིགས། ནགས་སྲུང་མེ་འགོག ཆོས་ལུགས་ལོག་སྤྱོད་ལ་ངོ་རྒོལ་སོགས་རྒྱུན་ཤེས་དཔེ་དེབ་མཁོ་སྤྲོད་བྱས་པ་རེད།
ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ཤང་དང་གྲོང་རྡལ་གྱི་རྒྱ་ཆེའི་མང་ཚོགས་ལ་རོལ་ཆས་མཉམ་དཀྲོལ་དང་བོད་ཀྱི་གླུ་གར། ཁྲིམས་བསྒྲགས་གར་ཆུང་སོགས་རིག་རྩལ་འཁྲབ་སྟོན་མང་བོ་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་རེད།
བྱེད་སྒོའི་སྐབས་སུ་ཁུལ་ཁྲིམས་འཛིན་ཅུས་དང་ཁུལ་ཞིང་ཕྱུགས་ཅུས། ཁུལ་འཕྲོད་བསྟེན་དང་ཁོར་སྲུང་ཅུས་སོགས་ལས་ཁུངས་ཀྱིས་ས་གནས་མང་ཚོགས་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཀྱི་ལག་དེབ་དང་ཁྲིམས་ལུགས་ཡོངས་བསྒྲགས་དཔེ་ཚོགས་ལས་《ཁྲིམས་ལུགས་ཤེས་བྱ་ཞིང་སྡེར་སྐྱོད་པ།》《ཡུན་ནན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་ཁྲིམས་ལུགས་ཤེས་བྱ།》 《ཞིང་ལས་འཕྲུལ་ཆས་ཀྱི་བདེ་འཇགས་ཤེས་བྱ་》སོགས་དཔེ་དེབ་མང་བོ་བཀྲམ་པ་རེད།