ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-05   རྩོམ་ཁུངས།   

        ཟླ12པའི་ཚེས4ཉིན་གྱི་ཕྱི་དྲོར།ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་དེ་ལིན་ཚང་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

ལུས་རྩལ་འགྲན་ཚོགས་ཀྱི་མཚོན་རྟགས། 

ལུས་རྩལ་འགྲན་ཚོགས་ཀྱི་ཤིས་རྟེན། 

        རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་ཁྱོན་བསྡོམས་ཁུལ་དང་གྲོང་ཁྱེར་16དང་ཡུན་ནན་དགེ་འོས་སློབ་ཆེན།ཡུན་ནན་མི་རིགས་སློབ་ཆེན་གྱི་འཐུས་ཚབ་རུ་ཁག་སོགས་རུ་ཁག་18དེ་ཁྱོན་བསྡོམས་མི་2788འགྲན་བསྡུར་དུ་ཞུགས་ཡོད།འདིའི་ཁྲོད་དུ།ལུས་རྩལ་པ་1899ཡོད་དེ།སྐབས་ཐོག་མའི་ལུས་རྩལ་འགྲན་ཚོགས་ལས་མི་400ལྷག་ཇེ་མང་དུ་སོང་ཡོད།མིག་སྔར།ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རུ་ཁག་18ལིན་ཚང་གྲོང་ཁྱེར་རུ་འཛོམས་ནས།ཛ་དྲག་ཆེ་བའི་འགྲན་བསྡུར་གྱི་འགོ་བརྩམས་པ་རེད།

 

བདེ་ཆེན་གྱི་འཐུས་ཚབ་རུ་ཁག

        གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་ འགྲན་བསྡུར་གྱི་རྣམ་གྲངས་14དང་འཁྲབ་སྟོན་རྣམ་གྲངས་4བཀོད་སྒྲིག་བྱས་ཡོད་ལ།གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འཕེལ་རྒྱས་རྣམ་པ་དགའ་འོས་པ་ཞིག་རེད།རང་ཁུལ་གྱིས་མངགས་པའི་མི105ཡི་འཐུས་ཚབ་རུ་ཁག་དེ་ལིན་ཚང་དུ་འབྱོར་ནས་མགྱོགས་ཚད་དང་རྟ་རྩལ།མི་རིགས་ལུས་སྦྱོང་ལུས་རྩལ་སོགས་ཀྱི་རྣམ་གྲངས་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་ལ།འདིའི་ཁྲོད་དུ།རྟ་རྩལ་དང་།ཀློ་མདའ།མི་རིགས་ལུས་སྦྱོང་ལུས་རྩལ་ལ་བྱ་དགའི་རྟགས་མ་ཐོབ་རྒྱུའི་རེ་བ་ཡོད་པ་རེད།

འཁྲབ་སྟོན་སྣ་ཚོགས།