ལྷོ་རྒྱལ་མོ་ཚ་བ་རོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-07   རྩོམ་ཁུངས།   

        ལྷོ་རྒྱལ་མོ་ཚ་བ་རོང་ནི་བོད་རང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་ལྷོ་ཕྱོགས་དང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་པའི་ཁ་བ་དཀར་པོའི་བྱང་ཕྱོགས་ཀྱི་རི་འདབས་རོལ་དུ་ཆགས་ཡོད། ཤར་ཕྱོགས་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་འཇོལ་རྫོང་དང་འབྲེལ་ཡོད་ལ། བྱང་ཤར་ཕྱོགས་དེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་མཛོ་སྒང་རྫོང་དང་འབྲེལ་ཡོད་ཅིང་། གནས་འདི་ལ་ཡང་ལྷོ་རྒྱལ་མོ་ཚ་རོང་ཞེས་འབོད་སྲོལ་ཡང་ཡོད་པ་རེད།  



      སྟོད་ན་གངས་རི་དང་སྨད་ན་གཙང་བོ་ལྷུང་ལྷུང་དུ་འབབ་པའི་རང་བྱུང་གི་བཀོད་པ་མཛེས་པའི་གནས་མཆོག་འདིར་བོད་རིགས་དང་རྒྱ་རིགས། ནུའུ་རིགས། ལི་སུའུ་རིགས། པའེ་རིགས། ཏུའུ་ལུང་རིགས་སོགས་མི་རིགས་མང་བོ་འཆམ་མཐུན་མཉམ་གནས་བྱེད་ཡོད་ལ། ས་གནས་བོད་རིགས་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཁམས་པའི་རིགས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད།