ཀྲུང་གོའི་མི་རིགས་མཛེས་རྩལ་གྱི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་སྐབས་གསུམ་པ་པེ་ཅིང་དུ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-09   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        ཟླ་12པའི་ཚེས་5ཉིན། ཀྲུང་གོའི་མི་རིགས་མཛེས་རྩལ་གྱི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་སྐབས་གསུམ་པ་ཀྲུང་གོ་མཛེས་རྩལ་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་དང་། གོམས་སྲོལ། དངོས་ཡོད་ཀྱི་འཚོ་བ་གཞི་བྱས་ཏེ་མི་རིགས་ས་ཁུལ་གྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་དོ་ཁུར་བྱས་པ་དང་། དེས་མི་རིགས་རིག་གནས་ཀྱི་དུས་རབས་ཀྱི་སྙིང་སྟོབས་དང་། ཀྲུང་གོའི་དེང་རབས་ཀྱི་རི་མོའི་གསར་རྩོམ་སྒྲིག་བཟོ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྟོབས་ཆེར་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ངེས་ཅན་ཞིག་ཐོན་ཡོད། 

        ཀྲུང་གོའི་མི་རིགས་བཟོ་རྩལ་ཉིད་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་དེར་རིག་གནས་དང་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་ཚེ་སྲོག་གི་གསོན་ཤུགས་ཆེན་པོ་ལྡན་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཕུན་ཚོགས་རང་བཞིན་གྱི་མཚོན་བྱེད་ཡིན་ལ། མི་རིགས་ཀྱི་སྙིང་སྟོབས་དང་། མི་རིགས་ཀྱི་བརྩེ་དུང་། མི་རིགས་ཀྱི་ལོ་རྒྱུས། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་གལ་ཆེའི་མཚོན་རྟགས་ཤིག་ཀྱང་ཡིན། དེའི་ཁྲོད་དུ་འདུས་པའི་ཕུལ་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་ཀྱི་རྒྱུད་རྒྱུ་དང་དེ་བཞིན་དེང་རབས་ཀྱི་རི་མོའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་མངོན་མེད་ཀྱི་སྟོབས་ཤུགས་ལ་ང་ཚོས་སྔོག་འདོན་དང་། ཞིབ་འཇུག སློབ་སྦྱོང་དང་ཁྱབ་བསྒྲགས་བཅས་བྱེད་རིན་ཆེན་པོ་ལྡན། 


        སྐབས་འདིའི་ཀྲུང་གོའི་མི་རིགས་མཛེས་རྩལ་གྱི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་ནི་སྐབས་གོང་མ་གཉིས་བདེ་ལེགས་ངང་སྤེལ་བའི་རྨང་གཞིའི་ཐོགས་རྒྱལ་ཡོངས་ཀྱི་མི་རིགས་མཛེས་རྩལ་ནང་དོན་བྱས་པའི་བརྩམས་ཆོས་ཀྱི་ཞིབ་བཤེར་ཆེན་པོ་ཞིག་ཡིན་ཞིང་། འགྲེམ་སྟོན་བྱས་པའི་བརྩམས་ཆོས་ནི་རྒྱལ་ཡོངས་ནས་བརྩམས་ཆོས་བསྡུ་རུབ་བྱས་པའི་བརྩམས་ཆོས་6000ཁྲོད་ནས་ཐོག་མའི་དཔྱད་འདེམས་དང་། དཔྱད་འདེམས་བསྐྱར་མ་རེས་སྐོར་གཉིས་བྱས་པ་བརྒྱུད་དེ། མཇུག་ཏུ་ལེགས་འདེམས་བྱས་པའི་བརྩམས་ཆོས་258ཡིན། དེའི་ཁྲོད་དུ་སྣུམ་ཚོན་རི་མོའི་བརྩམས་ཆོས་130དང་སྲོལ་རྒྱུན་རི་མོའི་བརྩམས་ཆོས་128ཡོད། 

        འགྲེམས་ཞུགས་བརྩམས་ཆོས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། རྣམ་པ་སྣ་ཚོགས་ཡིན་པ་དང་། གསར་རྩོམ་གྱི་སྤུས་ཚད་མཐོ་བ་དེས་ཀྲུང་གོའི་དེང་རབས་མི་རིགས་མཛེས་རྩལ་གསར་རྩོམ་གྱི་གཞི་རྩའི་རྣམ་པ་མངོན་ཐུབ་ཅིང་། དེས་མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བའི་རྣམ་པ་དང་རིག་གནས་ཀྱི་རྣམ་པ་གཅིག་བསྡུས་ཀྱིས་མངོན་པ་དང་། དེ་ནི་ཀྲུང་གོའི་མི་རིགས་ཀྱི་མཛེས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་དགྱེས་སྟོན་ཞིག་ཡིན། དེས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ཁྱབ་སྤེལ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་མཐོར་འདེགས་སུ་གཏོང་བར་ཧུར་ཐག་སྒོས་བྱས་རྗེས་བཞག་ཡོད།

        རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་12པའི་ཚེ16ཉིན་བར་དུ་འཚོག་རྒྱུ་རེད།