ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་ཁུལ་གསུམ་གྲོང་ཁྱེར་གསུམ་གྱིས་དུས་བདེའི་མཛའ་མཐུན་གྱི་ས་མཚམས་མཉམ་སྐྲུན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-10   རྩོམ་ཁུངས།   

    ཟླ11པའི་ཚེས22ཉིན། སྐབས་བདུན་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་ཁུལ་གསུམ་གྲོང་ཁྱེར་གསུམ་གྱིས་དུས་བདེའི་མཛའ་མཐུན་གྱི་ས་མཚམས་མཉམ་སྐྲུན་དང་དམངས་སྲིད་ལས་ཀའི་ཞིབ་གྲོས་ཚོགས་འདུ་དེ་ཆབ་མདོ་གྲོང་ཁྱེར་ནས་བསྡུས་པ་རེད།

    གྲོས་ཚོགས་ཐོག་ཉེ་བའི་ལོ་ཤས་རིང་། ས་མཚམས་དོ་དམ་དང་དུས་བདེའི་ས་མཚམས་འཛུགས་སྐྲུན་ལས་དོན་གྱི་ཉམས་མྱོང་ངོ་སྤྲོད་ལ་ཉན་པ་རེད། དུས་བདེའི་མཛའ་མཐུན་གྱི་ས་མཚམས་མཉམ་སྐྲུན་བརྗེད་བྱང་ཟིན་བྲིས་དང་དུས་བདེའི་མཛའ་མཐུན་གྱི་ས་མཚམས་མཉམ་སྐྲུན་གྲོས་མཐུན་ཡི་གེ་ལ་མིང་རྟགས་བཀོད་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་ཁུལ་གསུམ་གྲོང་ཁྱེར་གསུམ་གྱིས་དུས་བདེའི་མཛའ་མཐུན་གྱི་ས་མཚམས་མཉམ་སྐྲུན་ལས་ཀའི་གཡོ་འགུལ་མི་བྱེད་པའི་་བྱ་ཐབས11ལ་ལྟ་བ་གཅིག་གྱུར་བྱུང་བ་རེད།

    གྲོས་ཚོགས་ཐོག་དེང་ཕྱིན་གྱི་ལས་ཀའི་ཁྲོད། ས་མཚམས་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། བདེ་འཇགས་དང་མཐུན་སྒྲིལ། འཆམ་མཐུན། བདེ་སྐྱིད་ཀྱི་ས་མཚམས་སྐྲུན་པར་བྱས་ཏེ། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱས་རྗེས་འཇོག་པ། ཚང་མས་མཉམ་གཅིག་ཏུ་ཧུར་བརྩོན་བྱས་པ་བརྒྱུད། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་ས་མཚམས་ཀྱི་ལས་བྱེད་པས་ཁྲིམས་ལུགས་ལ་བརྟེན་པ་དང་མ་སྐུལ་དང་ལེན་གྱི་སྒོ་ནས་ས་མཚམས་སྐྱོང་དགོས་པ་དང་།  མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་དང་ཕན་ཚུན་སློབ་སྦྱོང་། རང་འགུལ་གྱིས་ས་མཚམས་སྲུང་བ། མཚམས་ཐིག་དབྱེ་འབྱེད་ཁ་གསལ་དང་མཚོན་རྟགས་དངོས་པོ་ཆ་ཚང་། འགལ་བ་དུས་ཐོག་ཏུ་སེལ་བ་དང་། རྩོད་གཞི་ཐག་གཅོད་འོས་འཚམ་བྱས་པ། དམངས་རྣམས་ཞི་མཐུན་མཉམ་གནས་དང་། སྤྱི་ཚོགས་འཆམ་མཐུན་བརྟན་གནས་བཅས་ཡོང་བར་བྱས་ནས་ས་མཚམས་ས་ཁུལ་ཡུན་རིང་འཆམ་མཐུན་དང་བརྟན་ལྷིང་གི་ཆབ་སྲིད་རྣམ་པ་བསྐྲུན་དགོས་ཞེས་བསྟན་པ་རེད།

གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་མི་སྣས་ཆབ་མདོ་གྲོང་ཁྱེར་གྱི་ཁ་རུབ་ཆུས་ཤིན་ཏུ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་དང་ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པ་ལ་གཟིགས་སྐོར་གནང་བ་མ་ཟད། ཕྱོགས་གཞན་གྱི་དམངས་སྲིད་ལས་དོན་ཐད་བསམ་བློ་དང་ཉམས་མྱོང་བརྗེ་རེས་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དབྱེ་མཚམས་གཞུང་ལས་ཁང་དང་བདེ་ཆེན་ཁུལ།   དཀར་མཛེས་ཁུལ།    ཡུལ་ཤུལ་ཁུལ། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་གི་འགན་གཉེར་འགོ་ཁྲིད་དང་དམངས་སྲིད་སྡེ་ཁག་གི་ས་མཚམས་དོ་དམ་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས་པ་རེད།