སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་གསོ་དབུལ་སྐྱོར་ལ་ཕན་འབྲས་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-10   རྩོམ་ཁུངས།   

    ཉེ་སྔོན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དབུལ་ཕོངས་སློབ་མ་40ལ་ཀྲུང་གོའི་ཞིང་ལས་དངུལ་ཁང་གི་ཞིང་ཕན་གཱ་ནས་རོགས་དངུལ་ཐོབ་པ་དང་།  མིག་སྔར།  གྲོང་ཁྱེར་ཡོངས་སུ་ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་སློབ་མ2363ལ་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་གཏོང་བའི་དབུལ་ཕོངས་སློབ་མའི་རོགས་དངུལ་སྒོར་ཁྲི་810.75ཐོབ་པ།   དེ་མིན་ཉེ་དུས་སུ་ད་དུང་སློབ་མ་917ལ་ཞིང་ཆེན་རིམ་པའི་རོགས་དངུལ་སྒོར་ཁྲི་458.5ཐོབ་རྒྱུ་རེད།

    ཤེས་གསལ་བྱུང་དོན།  ཐེངས་འདིའི་དབུལ་ཕོངས་སློབ་མའི་རོགས་སྐྱོར་བྱ་ཡུལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མངའ་ཁོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་།  གྲོང་ཁྱེར་དང་གྲོང་གསེབ་གྱི་དམའ་སྲུང་དུད་ཚང་གི་སློབ་གྲྭར་ཡོད་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་མཐོ་རིམ་ཆེད་ལས་སློབ་གྲྭ  སློབ་ཆེན་སློབ་མ་དང་དེ་ཡན་གྱི་དབུལ་ཕོངས་སློབ་མ་ཡིན་ལ།  རོགས་སྐྱོར་གྱི་བླང་བྱ་ལྟར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁྱོན་བསྡོམས་སློབ་མ་2363གྱིས་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་གཏོང་བའི་རོགས་དངུལ་ལོངས་སྤྱོད་བྱས་པ་དང་།  སློབ་མ་917གྱིས་ཞིང་ཆེན་རིམ་པའི་རོགས་དངུལ་ལོངས་སྤྱོད་བྱས་ཏེ།  རོགས་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་1269.25ཟིན་པ་རེད།

    གྲོང་ཁྱེར་དེའི་སློབ་གསོ་སྡེ་ཚན་གྱི་འགན་ཁུར་མི་སྣའི་ངོ་སྤྲོད་བྱས་པར་ལྟར་ན།  2016ལོ་ནས་བཟུང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱོར་དགོས་ས་གང་ཐུབ་ཀྱིས་སྐྱོར་ཞེས་པའི་རྩ་དོན་ལྟར་སློབ་གསོ་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ།  ལོ་ངོ་གསུམ་གྱི་དུས་ཡུན་དུ་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་དབུལ་ཕོངས་སློབ་མ་ལ་སློབ་གསོ་རོགས་དངུལ་སྒོར་ཁྲི་2955གཏོང་ཡོད། 

    ཀྲུང་གོའི་ཞིང་ལས་དངུལ་ཁང་སེམས་ཀྱི་ཉི་ཟླ་ཡན་ལག་དངུལ་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན།  གོང་གི་ལོ་གཉིས་སུ་རོགས་དངུལ་དེ་ནི་གཱ་གཅིག་གིས་ཀུན་རྒྱུག་ཞེས་པ་དེ་བརྒྱུད་ནས་གཏོང་བ་ཡིན་ལ།  ད་ལོར་དངུལ་ཁང་དེས་སྔོན་ནས་འབྲེལ་མཐུད་བྱས་པ་དང་ཟླ་བ་ལྔ་ཡི་དུས་ཡུན་སྤྱོད་ནས་དྲིལ་བསྒྲགས་དང་དཔྱད་གཞི་སྡུད་པ་སོགས་ལས་ཀ་སྤེལ།  དེའི་དུས་རིང་དུ།  གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་བྱེད་པ་དང་ཀྲུང་གོའི་ཞིང་ལས་དངུལ་ཁང་སེམས་ཀྱི་ཉི་ཟླ་ཡན་ལག་དངུལ་ཁང་གི་ལས་བྱེད་པ་ཡིས་སྔ་རྗེས་སུ་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་11གི་སྲིད་འཛིན་གྲོང་སྡེ་58དུ་ཐེངས་གཉིས་ལ་སོང་ནས་དཔྱད་གཞི་སྡུད་པའི་ལས་ཀ་སྤེལ་བ་དང་།  ནུས་ལྡན་གྱིས་གྲོང་ཁྱེར་འདིའི་སློབ་གསོ་དབུལ་སྐྱོར་ལས་ཀར་སྐུལ་སྤེལ་གཏོང་བ་རེད།