རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-13   རྩོམ་ཁུངས།   
ཉེ་བའི་ལོ་འགའི་རིང་། གྲོང་སྡེའི་དམངས་སྲོལ་རིག་གནས་དང་ལག་རྩལ་སོགས་རིམ་བཞིན་བསྐྱར་དར་བྱུང་བ་དང་བསྟུན་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ནས་མུ་མཐུད་དུ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད། ཡང་ཐང་གྲོང་རྡལ་གྱི་གྲོང་སྡེ་སོ་སོར་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཁེ་ལས་དང་། མཉམ་ལས་ཁང་མང་པོ་བཙུགས་ནས། མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ལས་སྟེགས་སྐྲུན་པ་དང་། ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་ལས་གཏོད་ལ་སྣེ་ཁྲིད་བྱས་པ་མ་ཟད། དུས་མཚུངས་སུ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ་རེད།
ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་མིའི་ཨུ་ལྷན་ཅང་ཀེ་ཡུལ་མིའི་ཚོ་ཆུང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀ་མ་ལ་སྲོལ་རྒྱུན་ས་གདན་ལག་ཤེས་བཟོ་རྩལ་ལྟེ་གནས་སུ། གྲོང་སྡེའི་བུད་མེད་རྣམས་ཀྱིས་ཚོན་མདངས་རྣམ་པར་བཀྲ་བའི་བོད་གདན་འཐག་བཞིན་འདུག
ས་གདན་ལག་ཤེས་བཟོ་རྩལ་ལྟེ་གནས་ཀྱི་གསར་གཏོད་མཁན་བཀྲ་ཤིས་ཚེ་བརྟན་མ་གཞི་ནི་ཕྱི་རྒྱལ་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་ཞིག་ཡིན་པ་དང་། དུས་ཡུན་རིང་བོར་ཕྱི་གླིང་བ་རྣམས་ལ་སེམས་ཀྱི་ཉི་ཟླ་མཚམས་སྦྱོར་བྱེད་པའི་ཁྲོད་དུ། ཁོང་གིས་བོད་རིགས་སྲོལ་རྒྱུན་བཟོ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མཐོང་བ་དང་། རང་གི་འབོད་སྐུལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་བཟོ་རྩལ་འདི་ལ་གསོན་ཤུགས་རྒྱས་པར་བྱེད་རྒྱུར་བསམ། 2017ལོའི་ཟླ3པར། ཁོང་གིས་རང་ཉིད་ཀྱི་ཕ་ཡུལ་དུ་ས་གདན་ལག་ཤེས་བཟོ་རྩལ་ལྟེ་གནས་བཙུགས་པ་རེད། ད་ལྟ་ལྟེ་གནས་སུ་འཐག་པའི་བོད་གདན་གཙོ་བོ་ནི་ས་གདན་དང་ཁ་གདན་སོགས་ཡིན་པ་རེད།
བཀྲ་ཤིས་ཚེ་བརྟན་གྱིས་རང་ཉིད་ཀྱི་ཀུང་སི་འདི་རང་གྲོང་ཚོར་བཙུགས་པ་ནི་ཀུང་སི་ལ་བརྟེན་ནས་གྲོང་མིའི་ལས་ཞུགས་ལ་སྣེ་ཁྲིད་བྱེད་རྒྱུའི་ཆེད་དུ་ཡིན།གྲོང་མི་རྣམས་ཀྱི་ཀུང་སི་རུ་ལས་ཀ་སོང་བའི་ཞོར་དུ་ཁྱིམ་ལས་ཡང་བྱེད་ཐུབ་པ་དང་།ཟླ་རེར་སྒོར་3000ཡི་ཟླ་ཕོགས་ཡང་ལེན་ཐུབ་པ་རེད།
བཀྲ་ཤིས་ཚེ་བརྟན་གྱིས་བལྟས་ན་འཁལ་འཐག་ལག་རྩལ་ནི་གྲོང་མི་རྣམས་ཀྱིས་ཆ་རྒྱུས་ཡོད་ཀྱི་ལག་རྩལ་ཞིག་ཡིན་ལ། ལག་རྩལ་ལ་བརྟེན་ནས་ཡོང་སྒོ་རེག་ཐུབ་ན། ཁོང་ཚོ་ད་གཟོད་རང་འཕེལ་གྱི་སྒོ་ནས་སློབ་སྦྱོང་དང་།བརྩོན་ཞིབ་བྱེད་ནས།རྒྱུན་འཛིན་དངོས་གནས་མངོན་འགྱུར་བྱེད་ཐུབ་ཅེས་བཤད་པ་རེད།