རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-13   རྩོམ་ཁུངས།   
ཉེ་བའི་ལོ་འགའི་རིང་དུ། བདེ་ཆེན་ཁུལ་གྱིས་མཐོ་མཐའ་བར་གསུམ་དུ་ཞིང་ལས་དང་གྲོང་གསེབ་ལས་ཀ་དེ་ལས་ཀ་ཁག་གི་ཐོག་མར་བཞག་བ་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འབད་བརྩོན་གྱིས་དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་སྐྲུན་པ་དང་། བྱེད་ཐབས་སྣ་མང་གིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་དར་འཕེལ་གཏོང་བ། ནུས་ལྡན་གྱིས་ཞིང་པའི་ཡོང་སྒོ་འཕར་སྣོན་དབུལ་ཐར་ལ་སྣེ་ཁྲིད་བྱས་པ་རེད།
སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་ལ་ལམ་ལུགས་ཀྱི་འགན་ལེན་འདོན་པ། གནད་སྨིན་དབུལ་སྐྱོར་ལས་ཀ་དང་ཟུང་འབྲེལ་བྱས་ནས་གཙོ་གནད་དུ་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར་དར་འཕེལ་གཏོང་བ།
གཙོ་གཞིའི་སྣེ་ཁྲིད་ཤུགས་ཆེར་གཏོང་བ་དང་། དེ་བས་མང་པོའི་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་དུ་བཅུག་པ། ཞིང་པའི་ཆེད་དོན་མཉམ་ལས་ཁང་སོགས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དར་འཕེལ་གཏོང་བ།
ཁེ་ཕན་གྱི་འབྲེལ་མཐུད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་དང་ཞིང་ལས་བདག་གཉེར་གྱི་རྩ་འཛུགས་ཅན་གྱི་ཆུ་ཚད་རྒྱུན་མི་ཆད་པར་གོང་དུ་གཏོང་བ། ཐོན་ལས་དར་འཕེལ་གྱི་ཁེ་ཕན་འབྲེལ་མཐུད་བརྒྱུད་དེ། དངོས་གནས་ཀྱིས་ཞིང་ལས་ཐོན་སྐྱེད་དང་བདག་གཉེར་གྱི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཧུར་ཐག་གིས་དབུལ་ཕོངས་དུད་ཚང་དག་དབུལ་ཐར་ཕྱུག་འགྱུར་ཐུབ་པར་སྣེ་ཁྲིད་བྱེད་པ།
ཡུལ་འབབ་དང་བསྟུན་ནས་དབུལ་སྐྱོར་བཟོ་གྲྭ་འཛུགས་པ་དང་། ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་སྟེ། ཡིག་ཚགས་དང་གཱ་བཟོས་ཡོད་པའི་དབུལ་ཕོངས་དུད་ཚང་གི་ཡོང་སྒོ་འཕར་སྣོན་བཏང་ནས་ཕྱུག་པོར་འགྱུར་དུ་བཅུག་པ། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཞུགས་པའི་ལས་གཞི་ལག་བསྟར་བྱས་པ་དང་ ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་རྒྱ་ཇེ་ཆེར་གཏོང་བ།
ཤུགས་ཡོངས་ནས་གནས་སྤོ་སའི་ཐོན་ལས་གསོ་སྦྱོང་ལ་སྐུལ་སྤེལ་གཏོང་བ་དང་། གནས་སྤོ་སའི་ཐོན་ལས་དར་འཕེལ་གྱི་གནད་དོན་ཐག་བཅོད་བྱས།
གྲོང་གསེབ་ཡུལ་སྐོར་གྱི་གོམས་སྟབས་མགྱོགས་པོར་གཏོང་བ་དང་། ཧུར་ཐག་གིས་མི་རིགས་24ཡི་ཡུལ་སྲོལ་ཡུལ་སྐོར་དང་གངས་རི་2ཀྱི་ཡུལ་ལྗོངས་ལྟ་སྐོར་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་དར་འཕེལ་གཏོང་བ། གཙོ་གནད་དུ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ ཁོར་ཡུག་ལེགས་བཅོས། མི་སྣ་གསོ་སྐྱོང་སོགས་སྤེལ་བ།
ཧུར་ཐག་གིས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་དར་འཕེལ་གཏོང་བ་དང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་དར་འཕེལ་གྱི་སྲིད་ཇུས་མཛུབ་སྟོན་ཤུགས་ཆེར་གཏོང་བ་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རྣམ་གྲངས་ལ་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་སྟེ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེར་སྐྱེད་དུ་བཅུག་པ།