བདེ་ཆེན་གྱིས་དར་དམར་ལས་གཞི་སྐུལ་འདེད་གཏིང་ཟབ་ཏུ་གཏོང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-14   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་5ཉིན། ཁུལ་ཡོངས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་དར་དམར་ལས་གཞི་ལ་སྐུལ་འདེད་གཏིང་ཟབ་གཏོང་སྟེ་ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན།  བདེ་ཆེན་ནི་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་གསུམ་དང་ཁུལ་གསུམ་ཁྲོད་ཀྱི་ཤིན་ཏུ་དབུལ་ཕོངས་ཡིན་པའི་ས་གནས་ཞིག་ཡིན།  བཅོས་སྒྱུར་དར་འཕེལ་དང་དབུལ་སྒྲོལ་འགག་སྒྲོལ།  བརྟན་བརླིང་སྲུང་སྐྱོང་།  སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ལས་འགན་ཧ་ཅང་ལྗིད་པོ་ཡོད།  ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་པ་ནི་དར་འཕེལ་མགྱོགས་སུ་གཏོང་བ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པ་ལ་དོན་སྙིང་གལ་ཆེན་ལྡན།  རིམ་པ་ཁག་གི་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་དར་དམར་ལས་གཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་གསལ་པོར་རྟོགས་དགོས་པ་དང་།  དར་དམར་ལས་གཞི་འཛུགས་སྐྲུན་གྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་བཏང་ནས།  དར་དམར་ལས་གཞི་འཛུགས་སྐྲུན་ལ་གྲུབ་འབྲས་ནུས་ལྡན་ཐོབ་པར་ཁག་ཐེག་བྱེད་དགོས། 

    དར་དམར་ལས་གཞི་དང་ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ།  བདེ་ཆེན་མཆོང་བསྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་བྱུང་བ་ལ་སྲ་བརྟན་གྱི་རྩ་འཛུགས་འགན་ལེན་འདོན་དགོས།

ཤེས་རྟོགས་བྱུང་དོན།  དར་དམར་ལས་གཞི་ནི་ཁུལ་ཨུས་ཕྱོགས་ཡོངས་ནས་བདེ་ཆེན་གྱི་དར་དམར་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་དང་གྲོང་གསུམ་བདུན་ཞུགས་དང་བྱ་སྤྱོད་གཅིག་ཞེས་པ་སོགས་ཀྱི་ལས་ཀ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་དུ།  དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་བདེ་ཆེན་བོད་ཁུལ་གྱི་ཏང་འཛུགས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། བདེ་ཆེན་བོད་ཁུལ་གྱི་ཏང་འཛུགས་སྐྱོང་ལས་ཀ་ལ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་།  བདེ་ཆེན་བོད་ཁུལ་གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཞེངས་སྐྲུན་བྱེད་རྒྱུ་རེད།  དར་དམར་ལས་གཞི་ཡིས་ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་རྨང་གཞིར་བྱས་པ་དང་། ཏང་འཛུགས་སྐྱོང་ལས་ཀས་ལྟེ་གནས་ཀྱི་ལས་ཀ་ལ་སྐུལ་འདེད་གཏོང་བ་གཙོ་བོར་བྱས་པ།  ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་འགོ་གཙོ་བྱས་པའི་གཞི་རྟེན་ནུས་ལྡན་ཞིག་ཡིན། 

ཁུལ་ཨུས་ལོ་གསུམ་གྱི་འབད་བརྩོན་བྱས་ནས་ཤང་དང་གྲོང་རྡལ་གྱི་དར་དམར་ཏང་ཨུ་10་དང་། མངའ་ཁུངས་གཞན་པའི་དར་དམར་ཏང་ཨུ་10་འཛུགས་དགོས་པ་དང་།  དར་དམར་གྱི་ཏང་ཙུང་ཀྲི་དང་དར་དམར་གྱི་ཏང་ཀྲི་པུའུ་100འཛུགས་དགོས།   དར་དམར་གྱི་ཏང་ཡོན་དུད་ཚང་1000དང་དར་དམར་གྱི་ཏང་ཡོན་དཔེ་དམག་1000འཛུགས་དགོས་པའི་བླང་བྱ་འདོན་པ་རེད།