རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-20   རྩོམ་ཁུངས།   
བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཚོགས་འདུ་ལས་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གནང་བའི་ཉིང་བཅུད།
སྤྱི་ཟླ་12པའི་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
1.“གཞིགས་པ་”བཞི།
རང་རེའི་ཏང་གིས་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་སྟངས་འཛིན་ཟབ་མོ་བྱས་པར་གཞིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལག་ལེན་ལ་ཕྱོགས་སྡོམ་ཟབ་མོ་བྱས་པར་གཞིགས་པ། དུས་རབས་ཀྱི་རླབས་རྒྱུན་ལ་མཐིལ་རྟོགས་ཟབ་མོ་བྱས་པར་གཞིགས་པ། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་དགོས་མཁོར་གོ་བ་ཟབ་མོ་བླངས་པར་གཞིགས་པ་བཅས་རེད།
2.བཅོས་བསྒྱུར་སྒོ་འབྱེད་ལ་གནང་བའི་གདེང་འཇོག
བཅོས་བསྒྱུར་སྒོ་འབྱེད་ནི་རང་རེའི་ཏང་གི་གོ་རྟོགས་རླབས་ཆེན་སད་པ་ཞིག་རེད།
བཅོས་བསྒྱུར་སྒོ་འབྱེད་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཀྱི་གསར་བརྗེ་རླབས་ཆེན་ཞིག་རེད།
3.ལམ་ཚད་རྡོ་རིང་ཆེན་པོ་གསུམ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། བཅོས་བསྒྱུར་སྒོ་འབྱེད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ནི་ལྔ་བཞིའི་ལས་འགུལ་སྤེལ་ཚུན་རང་རྒྱལ་ལ་ཐོན་པའི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཆེ་གྲས་གསུམ་དང་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལམ་ཚད་རྡོ་རིང་ཆེན་པོ་གསུམ་རེད།
4.བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40ཡི་རིང་ཕྱོགས་བསྡོམས་བྱས་པའི་“ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་”བཅུ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་ཀྱི་གནས་བབ་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་པ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཟམ་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟམ་མི་ཆད་པར་ཟབ་ཏུ་བཏང་བ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་བརྒྱབ་པ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་པའི་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་མཐའ་འཁྱོངས་བྱས་པ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་གྲོན་ཆུང་མཐའ་འཁྱོངས་བྱས་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་མཛད་ཆེན་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས།“རྒྱབ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་གཞི་རྩའི་མཛད་ཕྱོགས་ལག་ལེན་བསྟར་བ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་བརྟེན་གྱི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱས་པ།
ལོ་ངོ་40ཡི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ།
5. “རླབས་ཆེན་གྱི་འཕུར་མཆོང་”གསུམ།
ལོ་ངོ་40ཡི་སྦྲང་ཆར་ཟིལ་མའི་དྲིན་གྱིས་ཀྲུང་ཧྭའི་བྱ་གཞག་ཁག་ལ་གཡུར་ཟའི་འབྲས་བུ་ཐོབ་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་པ་ལས་ཀྲུང་གོའི་རྣམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཉམས་འགྱུར། ཀྲུང་གོའི་མི་དམངས་ཀྱི་ཉམས་འགྱུར །ཀྲུང་གོ་གུང་ཁྲན་ཏང་གི་ཉམས་འགྱུར་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད།
ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེ་རུ་སོང་བའི་བར་གྱི་རླབས་ཆེན་གྱི་འཕུར་མཆོང་བྱུང་བ་དང་།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཙུགས་པ་དང་འཕེལ་རྒྱས་བྱུང་བ་ནས་འཐུས་སྒོ་ཚང་དུ་ཕྱིན་པའི་བར་གྱི་རླབས་ཆེན་གྱི་འཕུར་མཆོང་བྱུང་བ།
ཀྲུང་གོའི་མི་དམངས་ལ་ལྟོ་གོས་མ་འཕྱིད་པ་ནས་འབྱོར་འབྲིང་ཕྱུག་འགྱུར་བར་གྱི་རླབས་ཆེན་གྱི་འཕུར་མཆོང་བྱུང་བ།
6. “ར་སྤྲོད་གང་ལེགས་གསུམ།”
ལོ་ངོ་40ཡི་ལག་ལེན་ལས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། གྲུབ་པའི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད།
ལོ་ངོ་40ཡི་ལག་ལེན་ལས།ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཁོ་འདོན་དང་འོད་སྟོང་འཕྲོ་བའི་མདུན་ལམ་བསྟན་ཡོད་པ་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་དང་། ཀྲུང་ཧྭའི་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་དང་ཡར་ཐོན་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད།
ལོ་ངོ་40ཡི་ལག་ལེན་ལས། བཅོས་བསྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱིས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པའི་མཆོག་ནོར་རྩ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ། དེང་སྐབས་ཀྱི་ཀྲུང་གོའི་ལས་དབང་ཐག་གཅོད་པའི་འགག་རྩའི་ཐབས་ཇུས་བཅས་རེད་ལ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གཏན་འཁེལ་བྱེད་པའི་འགག་རྩའི་ཐབས་ཇུས་ཀྱང་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད།
7.བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40རིང་གི་རྩ་ཆེའི་ཉམས་མྱོང་གི་“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་”དགུ
ཏང་གིས་ལས་དོན་ཚང་མར་འགོ་ཁྲིད་བྱེད་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་དགོས།
མི་དམངས་ལྟེ་བར་འཛིན་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས།
མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་ཀྱི་གནས་བབ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་གཏོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འདོན་སྤེལ་དང་ཆེ་རུ་གཏོང་དགོས།
འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཏང་གི་གསར་གཏོད་ནུས་པ་དང་གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།
庆祝改革开放40周年大会18日上午10时在人民大会堂举行。中共中央总书记、国家主席、中央军委主席习近平出席大会并发表重要讲话。
1、四个“基于”
我们党作出实行改革开放的历史性决策,是基于对党和国家前途命运的深刻把握,是基于对社会主义革命和建设实践的深刻总结,是基于对时代潮流的深刻洞察,是基于对人民群众期盼和需要的深刻体悟。
2、对改革开放的评价
改革开放是我们党的一次伟大觉醒。
改革开放是中国人民和中华民族发展史上一次伟大革命。
3、三大里程碑
建立中国共产党、成立中华人民共和国、推进改革开放和中国特色社会主义事业,是五四运动以来我国发生的三大历史性事件,是近代以来实现中华民族伟大复兴的三大里程碑。
4、总结改革开放40年的十个“始终坚持”
40年来,我们始终坚持解放思想、实事求是、与时俱进、求真务实,坚持马克思主义指导地位不动摇,坚持科学社会主义基本原则不动摇。
40年来,我们始终坚持以经济建设为中心,不断解放和发展社会生产力。
40年来,我们始终坚持中国特色社会主义政治发展道路,不断深化政治体制改革。
40年来,我们始终坚持发展社会主义先进文化,加强社会主义精神文明建设。
40年来,我们始终坚持在发展中保障和改善民生。
40年来,我们始终坚持保护环境和节约资源,坚持推进生态文明建设。
40年来,我们始终坚持党对军队的绝对领导,不断推进国防和军队现代化。
40年来,我们始终坚持推进祖国和平统一大业,实施“一国两制”基本方针。
40年来,我们始终坚持独立自主的和平外交政策。
40年来,我们始终坚持加强和改善党的领导。
5、三个“伟大飞跃”
40年春风化雨、春华秋实,改革开放极大改变了中国的面貌、中华民族的面貌、中国人民的面貌、中国共产党的面貌。
中华民族迎来了从站起来、富起来到强起来的伟大飞跃!
中国特色社会主义迎来了从创立、发展到完善的伟大飞跃!
中国人民迎来了从温饱不足到小康富裕的伟大飞跃!
6、三个“充分证明”
40年的实践充分证明,党的十一届三中全会以来我们党团结带领全国各族人民开辟的中国特色社会道路、理论、制度、文化是完全正确的,形成的党的基本理论、基本路线、基本方略是完全正确的。
40年的实践充分证明,中国发展为广大发展中国家走向现代化提供了成功经验、展现了光明前景,是促进世界和平与发展的强大力量,是中华民族对人类文明进步作出的重大贡献。
40年实践充分证明,改革开放是党和人民大踏步赶上时代的重要法宝,是坚持和发展中国特色社会主义的必由之路,是决定当代中国命运的关键一招,也是决定实现“两个一百年”奋斗目标、实现中华民族伟大复兴的关键一招。
7、改革开放40年宝贵经验的九个“必须坚持”
必须坚持党对一切工作的领导,不断加强和改善党的领导。
必须坚持以人民为中心,不断实现人民对美好生活的向往。
必须坚持马克思主义指导地位,不断推进实践基础上的理论创新。
必须坚持走中国特色社会主义道路,不断坚持和发展中国特色社会主义。
必须坚持完善和发展中国特色社会主义制度,不断发挥和增强我国制度优势。
必须坚持以发展为第一要务,不断增强我国综合国力。
必须坚持扩大开放,不断推动共建人类命运共同体。
必须坚持全面从严治党,不断提高党的创造力、凝聚力、战斗力。
必须坚持辩证唯物主义和历史唯物主义世界观和方法论,正确处理改革发展稳定关系。