རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-12-20   རྩོམ་ཁུངས།   
ཟླ་12པའི་ཚེས་19ཉིན། 2018 ལོའི་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་གསུམ་པ་དེ་ བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་དངོས་སུ་འགོ་ཚུགས་པ་དང་། བྱེད་སྒོ་འདི་ཚེས23ཉིན་བར་སྤེལ་རྒྱུ་རེད། བྱེད་སྒོས་སྐྱེ་ཁམས་ཀྱི་བདེ་ཆེན། མཁའ་ལ་འཕུར་བའི་གཤོག་ཟུང་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། དྲ་ཐོག་བརྒྱུད་སྒྲོག་གི་བྱེད་ཐབས་བེད་སྤྱོད་གང་ལེགས་ཀྱིས་བདེ་ཐང་ཡིན་པའི་རང་བྱུང་སྐྱེ་ཁམས་ཀྱི་ཡུལ་སྐོར་བྱེད་སྟངས་ཤིག་ཆགས་པར་སྐུལ་སློང་བྱས་ཡོད། ཉིན་འདི་དག་གི་རིང་ལ་བརྙན་ལེན་པ་ཚོས་ནགས་ཕག་མཚོ་དང་། དགའ་ལྡན་སུམ་རྩེན་གླིང་། ས་མཐོའི་སྐྱེ་དངོས་གླིང་། ཉི་ཤར་ཤང་། ཡང་ཐང་གྲོང་རྡལ་སོགས་སུ་འགྲུལ་བཞུད་གནང་ནས་བྱ་རིགས་སྣ་ཚོགས་ཀྱི་འཚོ་གནས་ལ་རྒྱུས་ལོན་བྱ་རྒྱུ་རེད།
2016ལོ་དང་2017ལོའི་དགུན་ཁར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་ཐེངས་གཉིས་སྒྲུབ་ཚར་བ་དང་། ཁྱོན་བསྡོམས་རྒྱལ་ཕྱི་ནང་གི་བྱ་རིགས་ཞིབ་འཇུག་ཚོགས་པ50ཡི་རུ་ཁག31བྱེད་སྒོ་ནང་ཞུགས་ནས། སེམས་ཀྱི་ཉི་ཟླའི་ཉེ་འཁོར་གྱི་བྱ་རིགས180ལ་བལྟ་ཐུབ་པ་བྱུང་ཡོད་ཅིང་། སེམས་ཀྱི་ཉི་ཟླར་ཐེངས་དང་པོར་འཕུར་ཡོང་བའི་བྱ་རིགས་འགའ་ཡོད་པ་ཤེས་རྟོགས་བྱུང་ཡོད། སྐབས་རེ་རེའི་བྱ་རིགས་ཀྱི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པས། འདི་ལས་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་གྲུབ་འབྲས་གང་ལེགས་མངོན་ཡོད་པ་ཤེས་རྟོགས་བྱེད་ཐུབ་ཅིང་། མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་དང་། དཔལ་ཡོན་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ཀྱིས་བྱ་རིགས་ཀྱི་འཚོ་སྡོད་ལ་སྔར་ལས་ལྷག་པའི་ཆ་རྐྱེན་བསྐྲུན་བཞིན་ཡོད།