རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་24ཉིནགྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་བདེ་ཆེན་ཁུལ་ཨུའི་སྙན་ཞུ་ཁང་ནས་ འགོ་ཚུགས་པ་རེད།
ཚོགས་རའི་ཡུལ་དངོས།
ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་སོགས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུ།
ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཡུང་ཁྲུན་དང་། དབྱང་ཧྥེང་ཞི། ཤར་རྩེ་བསྟན་འཛིན་ཆོས་འཕེལ། ཀུའོ་ཁྲུང་ཞན། ཧོ་ཡུང་ཀྲུང་། ཧྲི་ཁྲུན་མིང་། ཧོའུ་ཅི་ལིན། ཉི་ཞའོ་ཏུང་། ཡུས་རུང་ཧྭ། ལི་ལིའང་བཅས་ཡིན
ཚོགས་ཆེན་དུ་ཨུ་ཡོན་227ཞུགས་དགོས་པ་དང་།དངོས་སུ་175ཞུགས་ཡོད་དེ།སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་དང་མཐུན་པ་རེད།
ཏུའུ་ཡུང་ཁྲུན་གྱིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་འདུ་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ཞུ་བ།
ཏུའུ་ཡུང་ཁྲུན་གྱིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་འདུ་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ཞུ་བ། ཁོང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཁུལ་སྲིད་གྲོས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། བློ་སེམས་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་སྐོར་གྱི་བསམ་བློ་གལ་ཆེན་གྱིས་མཛུབ་ཁྲིད་དུ་བྱས་པ། ཕྱོགས་ཡོངས་ནས་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་ཕྱིན་བྱས་པ་དང་། བརྗོད་བྱའི་གཙོ་བོ་གཉིས་འབུར་དུ་ཐོན་པ་དང་འགན་ནུས་ཆེན་པོ་གསུམ་ལག་བསྟར་བྱས་པ། ཐུན་མོང་ངོས་འཛིན་ཁྲོད་ཁ་ཕྱོགས་བརྟན་པོར་གཏོང་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་ཁྲོད་དཔའ་ངར་ཞུམ་མེད་ཀྱིས་ཡར་ཐོན་འགྲན་རྩོད་བྱེད་པ་དང་གསར་གཏོད་ཀྱི་ལག་ལེན་ཁྲོད་བྱས་རྗེས་ཧུར་ཐག་བཞག་ནས། བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་དར་འཕེལ་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་དུ་སྐྲུན་པར་ལེགས་སྐྱེལ་ཧུར་ཐག་འབུལ་བ་དང་སྲིད་གྲོས་ལས་དོན་ལ་དར་འཕེལ་གསར་པ་བྱུང་ཡོད་ཅེས་གསུངས།
སྙན་ཞུའི་ཐོག་2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་ལ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ངོ་ཡིན། བདེ་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་དམག་འཐབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གནད་འགག་གི་ལོ་ཡིན་ལ། ཁུལ་སྲིད་གྲོས་ཀྱིས་ལྟེ་བར་སྐོར་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལོ་ཞིག་ཀྱང་ཡིན། ཁུལ་སྲིད་གཞུང་གི་ལས་ཀའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་གོའི་དཔལ་འབྱོར་ལས་དོན་གྱི་ཚོགས་འདུ་དགོངས་པ་མཐའ་ཕྱིན་ཟབ་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་སྐོར་གྱི་བསམ་བློ་གལ་ཆེན་དང་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་དོན་འཁྱོལ་མཐའ་ཕྱིན་བྱེད་པ། ཕྱོགས་ཡོངས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ཁུལ་ཨུའི་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་པ་དང་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། “སྲོག་ཤིང་ལ་བརྩི་བཀུར་བྱེད་པ་དང་པེ་ཅིང་ལ་བློ་ཁ་ཕྱོགས་པ་”འབོད་པ་དང་ལེགས་པར་བསྒྲུབ་པ། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག གྲོས་མོལ་དང་དམངས་གཙོའི་ལམ་བུ་གལ་ཆེན་དང་ཆེད་དམིགས་ཀྱི་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་གང་ལེགས་འདོན་པ། ལྟེ་གནས་ཐབས་འདོན་ལ་དམ་པོར་འཛིན་པ་དང་གཙོ་གནད་ཇུས་འབུལ་ལ་སྐོར་བ། ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ་ཤུགས་བཏོན་ནས་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན་པ་རེད།
ཧོ་ཡུང་ཀྲུང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ།
ཚོགས་འདུའི་ཐོག་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།
ཚོགས་འདུའི་ཐོག་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།དབྱང་ཧྥེང་ཞི་ཡིས་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྙན་སེང་ཞུས་པ་རེད།
ཀྲུའུ་ཞི་སྟེགས་བུར་ད་དུང་ཡུས་ཧྲེང་ཞང་དང་། ཀྲང་ཝེ་ཏུང་། ཁྲ་ཀྲུང་ཝང་། ལི་ཡན་ལན། བཀྲ་ཤིས་དོན་འགྲུབ། ལིའུ་རུང་། དབྱང་ཙི་ཅང་། མང་ཧྲའོ་པིའོ། མིའོ་ཡིའུ་ཧྥ། ཀའོ་ཀུའོ་ཁྲེང་། ཝང་ཡུན་སུང་། ལི་ཡིང་པིན། ཝང་ཝུན་ཅ། ཕུའུ་ལུའུ་ཧྭ། ཁྲེན་ཅུན་མིང་། ཞའོ་ཞུས། ཞའོ་ཝུའུ། དབྱང་ཅན་ཧྭ། ཚའེ་ཝུའུ་ཁྲེང་། སུང་ཐའོ། ཧོ་ལི་ཕིང་། ཀྲང་ཁྲུན་ཙེ། ཀྲོའུ་ཡིང་ཧྲུའུ། ཝང་ཁའེ་ཧྲི། ཧུའུ་ཧུང་ཆོན། ཏའེ་ཧྲི་ཅན། དེ་མིན་ཁུལ་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོའི་འགོ་ཁྲིད་རྒན་པ་ཀྲུའུ་དབྱི་ཡུའེ་དང་ཞའོ་ཐུབ་བསྟན་སོགས་བཞུགས་ཡོད་པ་རེད།
ཞིང་ཆེན་གྱི་ཁུལ་དུ་བཅའ་སྡོད་བྱེད་ཡོད་པའི་སྡེ་ཚན། ཁུལ་ཐད་གཏོགས་ལས་ཁུངས་དང་ཁེ་ལས། བྱ་གཞག་ལས་ཁུངས་ཀྱི་འགན་ཁུར་མི་སྣ། བདེ་ཆེན་དུ་བཅའ་སྡོད་བྱེད་ཡོད་པའི་བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་གི་འགན་ཁུར་མི་སྣ་གདན་འདྲེན་ལྟར་ཚོགས་འདུར་ཞུགས།
ཚོགས་རའི་ཟུར་ཞིག