རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-25   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།
གཏམ་རྒྱུད་གློག་བརྙན《རྒྱལ་རྩེའི་རྫོགས་མེད་བརྩེ་བ》ཞེས་པ་དེ2018ལོའི་ཟླ12པའི་ཚེས22ཉིན་ལྷ་སའི་གོ་ལའི་རྒྱལ་སྤྱིའི་གློག་བརྙན་ཁང་དུ་གློག་བརྙན་གཟིགས་འབུལ་གྱི་སྤེལ་རེས་བྱེད་སྒོ་འཚོགས་པ་དང་། གློག་བརྙན་དེ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་གཙོ་གནད་རོགས་སྐྱོར་ཐོབ་ཅིང་། བོད་ལྗོངས་པད་མ་སྒང་རིག་གནས་གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་སི་དང་བོད་ལྗོངས་སྒྲ་བརྙན་དཔེ་སྐྲུན་ཁང་གིས་མཉམ་དུ་ཕབ་སྐྲུན་གནང་པ་རེད།
གློག་བརྙན་གཏམ་རྒྱུད《རྒྱལ་རྩེའི་རྫོགས་མེད་བརྩེ་བའི》གཟིགས་འབུལ་ཡུལ་དངོས།
རྒྱུས་ལོན་བྱུང་པ་ལྟར་ན། གློག་བརྙན་འདི་ཇུས་འགོད་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་པར་དུས་ཡུན་ལོ་ངོ་དྲུག་ལྷག་ཙམ་གྱི་དུས་ཚོད་སྤྱད་ཡོད་ལ། དེ་ནི་ལོ་ངོ་བརྒྱ་ལྷག་ཙམ་གྱི་ཡར་སྔོན་དུ་རྒྱལ་རྩེའི་མི་དམངས་ཀྱིས་དབྱིན་ཇི་མི་སེར་སྤེལ་མཁན་གྱིས་བོད་དུ་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་གཏམ་རྒྱུད་མཚོན་ཡོད་པ་རེད། དེ་ཡང་ཧ་ལས་ཤིང་འཇིགས་ཞེན་ཆེ་བ།སྔོན་འགྱེལ་རྗེས་མཐུད་ཀྱི་་དབྱིན་འགོག་དམག་འཁྲུག་གིས་རྒྱལ་རྩེ་ལ་དཔའ་བོའི་གྲོང་ཁྱེར་ཞེས་པའི་མཚན་སྙན་ལྡན་པར་གྱུར་པ་རེད། བོད་ལྗོངས་རྒྱལ་རྫེ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་དུས་མཚམས་འདིར་རྗེས་དྲན་བྱེད་ཆེད། གློག་བརྙན་འདི་ཕབ་སྐྲུན་གྱི་ལས་རིམ་ནང་ཞུགས་པ་མ་ཟད་མ་དངུལ་ཡང་བཏང་ཡོད་པ་རེད།
《རྒྱལ་རྩེའི་རྫོགས་མེད་བརྩེ་བ》ཞེས་པ་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་ཆེད་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་སྐོར་གྱི་དགོངས་དོན་ལག་བསྟར་བཏང་ནས། བོད་ཀྱི་གློག་བརྙན་ལས་དོན་་སྔར་བས་བདེ་བླག་ངང་སྐུལ་འདེད་གཏོང་པ་དང་བསྟུན་ནས་བྱུང་པའི་་གློག་བརྙན་ཁང་གི་གློག་བརྙན་ཞིག་ཡིན་ལ། འདི་ཡང་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་རང་སའི་གློག་བརྙན་བརྙན་འཕྲིན་རིག་གནས་ལས་ཁུངས་ཀྱིས་ཁེར་རྐྱང་གིས་གསར་རྩོམ་དང་བརྙན་ཕབ།སྒྲིག་བཟོ་བྱས་ནས་གྲུབ་པའི་གློག་བརྙན་ཁང་གི་གློག་བརྙན་ཉུང་ཤོས་དེ་རེད།
བརྗོད་བྱ་གཙོ་བོའི་གློག་བརྙན་འདི་ནི་སྒྱུ་རྩལ་གསར་རྩོམ་གྱི་ངོས་ནས་དོན་སྤྱི་ཅན་དང་སྤྱི་འགྲོས་ཅན་མཐའ་གཅིག་ཏུ་གཏོར་ཡོད་ཅིང་། དེ་ནི“ངས་གླེང་ནས་ཁྱོས་ཉན་པའི”གཞུང་ལུགས་སྟོང་བཤད་ཙམ་མ་ཡིན་པར། དྲང་བདེན་བབ་ཆགས་དང་རིག་རྩལ་གྱི་རྣམ་པ་ཡང་མ་དོར་པའི་སྤྲོས་བརྗོད་ཀྱི་རྣམ་པ་སྤྱད་ཡོད་ལ། གློག་བརྙན་གྱིས་མཚོན་དགོས་པའི་གཏམ་རྒྱུད་ལ་དེང་རབས་ཀྱི་འགྲེལ་བརྗོད་བྱས་ཡོད་ཅིང་། ལངས་གཟུགས་ཀྱི་སྒོ་ནས་མི་སྣའི་སྣང་བརྙན་གསར་བཞེངས་གནང་སྟེ་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་སྐོང་ཇི་ཐུབ་གནང་ཡོད་པ་རེད།
གློག་བརྙན་གཏམ《རྒྱལ་རྩེའི་རྫོགས་མེད་བརྩེ་བའི》གཙོ་འཁྲབ་མི་སྣ།
གློག་བརྙན་དེའི་འཁྲབ་ཁྲིད་པ་ཀྲུའུ་ཧྲའོ་ཞིས་ངོ་སྤྲོད་བྱས་པར་གཞིགས་ན།གློག་བརྙན་འདི་བརྒྱུད་ཀུན་གྱིས་དམག་འཁྲུག་དེ་བརྗེད་མི་རུང་པའི་རེ་བ་བཏོན་ཡོད་པ་དང་། དུས་མཚུངས་སུ་གཟིགས་མོ་བར་མི་ཞིག་ལོ་རྒྱུས་ཀྱི་ཁོར་ཡུག་ཆེན་པོའི་ཤིན་ཏུ་ཉག་ཕྲ་ཉམ་ཆུང་ཞིག་ཏུ་སྣང་ནའང་། འགོག་རྒོལ་དམག་འཁྲུག་ནི་དོན་སྙིང་སྤུ་ཙམ་ཡང་མེད་པ་ཞིག་མིན་པར་དེ་ནི་དམག་འཁྲུག་གིས་མི་རིགས་ཤིག་མགོ་བོ་སྒུར་དུ་འཇུག་མི་ནུས་པ་ལྟ་བུ་རེད་ཅེས་ཟེར།
རྒྱུས་ལོན་བྱུང་པ་ལྟར་ན། གློག་བརྙན་དེ་རྒྱལ་སྤྱིའི་གྲགས་ཅན་གྱི་A རིམ་པའི་གློག་བརྙན་དུས་ཆེན་མང་པོའི་འགྲན་བསྡུར་ནང་འགྲན་ཞུགས་ཀྱི་གདན་འདྲེན་ཞུས་ཡོད་ལ། 2019ལོའི་ལོ་སྨད་དུ་རྒྱལ་ནང་དུ་དངོས་སུ་གཟིགས་འབུལ་གནང་རྒྱུ་རེད་འདུག