བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


གྲོས་ཚོགས་ཀྱི་ཡུལ་དངོས།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ12པའི་ཚེས28ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་མཇུག་སྒྲིལ་བ་རེད།

        གྲོས་ཚོགས་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།  ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལག་བསྟར་ཀྲུའུ་ཞི་ཀུའུ་ཁུན་གྱིས་གཙོ་སྐྱོང་གནང་བ་རེད།

        ཆི་ཅན་ཞིན་དང་།  ཡུས་ཧྲེང་ཞང་།  ཀྲང་ཝེ་ཏུང་།  ཁྲ་ཀྲུང་ཝང་། ཏུའུ་ཡུང་ཁྲུན་བཅས་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས་པ་རེད།

        ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ལི་ཚན་ཀོང་དང་།  ཕུའུ་ལུའུ་ཧྭ།  ཁྲེན་ཅུན་མིང་། ཞའོ་ཞུས། ཞའོ་ཝུའུ།  དབྱང་ཅན་ཧྭ། ཡུས་ཀུའེ་ཧྥུན། ཕུའུ་ཅང་། ཧུའུ་ཀྲི་ཞང་།  ཨ་དྲུང་།  ཡུས་ཅིན་ཆོན། ཧོ་ལི་ཅོན།  ཁྲེན་ཀོང་ཧྲུའུ་བཅས་ཡིན།

        གྲོས་ཚོགས་ཐོག་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་གྲོས་ཆོད་དང་། བདེ་ཆེན་ཁུལ་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད། བདེ་ཆེན་ཁུལ་2018ལོའི་ས་གནས་ནོར་སྲིད་སྔོན་རྩིས་ཀྱི་ལག་བསྟར་གནས་ཚུལ་དང་2019ལོའི་ས་གནས་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད། བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུའི་གྲོས་ཆོད། བདེ་ཆེན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུའི་གྲོས་ཆོད། བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་གྲོས་ཆོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲོལ་ཡིག་(དག་བཅོས་འཆར་ཟིན)གི་གྲོས་ཆོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་སྨན་བཅོས་ཀྱི་སྲིལ་ཡིག་(མ་ཟིན)གི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་མཐུན་བྱུང་བ་རེད།

        གྲོས་ཚོགས་ཀྱིས་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།  དེ་བས་དམ་ཟབ་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་ངེས་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་འཁུར་བཟོད་ཀྱིས་དངོས་སྒྲུབ་བྱས་ནས།  དུས་རབས་གསར་པར་བདེ་ཆེན་གྱི་སྒྱུར་བཅོས་དར་འཕེལ་གྱི་རྣམ་པ་གསར་པ་གཏོད་པ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་རླབས་ཆེན་མེས་རྒྱལ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་ལ་ལེགས་སྐྱེལ་འབུལ་དགོས་ཞེས་པའི་འབོད་སྐུལ་གནང་བ་རེད།

        ཀྲུའུ་ཞི་སྟེགས་བུར་ད་དུང་ལི་ཡན་ལན་དང་།  བཀྲ་ཤིས་དོན་འགྲུབ།  དབྱང་ཙི་ཅང་། མང་ཧྲའོ་པིའོ། མིའོ་ཡིའུ་ཧྥ། ཝང་ཝུན་ཅ། ཚའེ་ཝུའུ་ཁྲེང་། དབྱང་ཀྲེང་དབྱི། སུང་ཐའོ། ཧོ་ལི་ཕིང་། ཀྲང་ཁྲུན་ཙེ། ཞུས་ཕེང་ཧྲེང་། དབྱང་ཧྥེང་ཞི། ཀུའོ་ཁྲུང་ཞན། ཧྲི་ཁྲུན་མིང་། ཀྲོའུ་ཡིང་ཧྲུའུ་བཅས་བཞུགས་ཡོད།