བདེ་ཆེན་དུ་དགུན་དུས་ཡུལ་སྐོར་བྱེད་མཁན་མང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-30   རྩོམ་ཁུངས།   

        དགུན་དུས་དྲོད་ཚད་དམའ་རུང་ཁ་བ་དཀར་པོར་ཡུལ་སྐོར་ལ་ཡོང་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། མ་གཞི་དགུན་དུས་ནི་བདེ་ཆེན་གྱི་སྲོལ་རྒྱུན་ཡུལ་སྐོར་དུས་ཚིགས་མིན་རུང་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བས་དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་ཕྱིན་ཡོད།
           ཉེ་བའི་ལོ་ཤས་རིང་། བདེ་ཆེན་གྱིས་ཕུན་སུམ་ཚོགས་པའི་དགུན་དུས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། རྒྱལ་སྤྱིའི་རྩེར་སོན་གྱི་ཚད་གཞི་གཞིར་བཟུང་དགུན་དུས་ཀྱི་ཡུལ་སྐོར་རྣམ་གྲངས་བཏོད་པ་དང་། བོད་ཀྱི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལ་བརྟེན་ནས་དམངས་སྲོལ་དང་། གླུ་གཞས། ཞབས་བྲོ་སོགས་མྱོང་རོལ་བྱ་རྒྱུ་གོང་འཕེལ་ཤུགས་ཆེན་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱས་ཡོད།
          མཁོ་སྤྲོད་གསར་བསྒྱུར་དང་། གདམ་ག་མང་བ། བར་མཐོངས་ཆེ་བ་བཅས་ཀྱིས་བདེ་ཆེན་གྱི་གྲོང་གསེབ་ཡུལ་སྐོར་ནི་ཡུལ་ལྗོངས་ལ་ལྟ་བ་དང་། པར་རྒྱག་པ། ཞིམ་ཟས་ཟ་བ་བཅས་ཙམ་མ་ཡིན་པར་གྲོང་ཁྱེར་ནས་གྲོང་གསེབ་དང་ལྗོངས་གཟིགས་ནས་སྤྲོ་གསེང་བར་གྱི་མྱོང་བ་ཟབ་མོ་ཞིག་ཏུ་གྱུར་ཡོད།