རྩེད་དགའི་ངང་ནས་གུང་གསེང་གཏོང་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-31   རྩོམ་ཁུངས།   




སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ།རིན་ཆེན་ཚེ་རིང་།)ཟླ་12པའི་ཚེས་29ཉིན་ནས་བཟུང་ལུགས་གསར་ལོ་གསར་གྱི་གུང་གསེང་འགོ་བརྩམས་པ་ཡིན་ལ། ཡུན་ཐུང་གི་གུང་གསེང་འདི་མི་སོ་སོར་རོལ་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པ་རེད།

    གུང་གསེང་གི་ཉིན་དང་བོར་ཉི་མ་སེར་པོའི་ཐང་ཆེན་གྱི་ལག་རྩེད་སྤོ་ལོའི་ར་བ་རུ་མི་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་དེ། གུང་གསེང་གཏོང་བའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་ལས་བྱེད་པ། དེ་མིན་དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བ།ཡུལ་གསུམ་དང་ནགས་ཕག་མཚོ་སོགས་མཐའ་འཁོར་གྱི་སྡེ་བའི་གྲོང་མི་སོགས་ལག་རྩེད་སྤོ་ལོ་རྩེད་བར་སྤྲོ་བ་ཡོད་པའི་མི་མང་མ་གྲོས་གཅིག་མཐུན་གྱིས་གནས་འདིར་འཛོམས་ནས་རྩེད་དགའི་ངང་གུང་གསེང་གཏོང་བཞིན་ཡོད།

    ལག་རྩེད་སྤོ་ལོ་ར་བའི་ཟུར་ན་ཡོད་པའི་རྐང་རྩེད་སྤོ་ལོའི་ར་བ་ཆུང་གྲས་འདིའི་ནང་ན་ཡང་ཁྱིམ་བདག་འགའ་རེས་རང་གི་བྱིས་པ་ཁྲིད་ཡོང་ནས་རྩེད་རོགས་བྱེད་བཞིན་ཡོད་ལ། ཕ་མ་དང་མཉམ་དུ་རྩེད་འཇོར་ལ་རོལ་བའི་གུང་གསེང་འདི་ལོ་དུ་མའི་རྗེས་ལ་ཞིམ་མངར་གྱི་ཕྱིར་དྲན་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད།