ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་(རྒྱ་བསྐྱེད)གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-03   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2018ལོའི་ཟླ12པའི་ཚེས25ཉིན། ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་རྒྱ་བསྐྱེད་གྲོས་ཚོགས་འཚོགས་ནས། ཕྱོགས་ཡོངས་ནས་ཁུལ་ཡོངས་ཏང་གི་འཛུགས་སྐྱོང་ལས་ཀར་ཕྱོགས་བསྡོམས་དང་། ཏང་གི་འཛུགས་སྐྱོང་ཁྱབ་ཁོངས་སུ་གནས་པའི་འབུར་དུ་ཐོན་པའི་གནད་དོན་གྱི་ལེགས་བཅོས་ལ་ཞིབ་འཇུག་བྱས་ནས། དུས་རིམ་རྗེས་མའི་ཏང་སྐྱོང་ལས་ཀའི་གལ་ཆེའི་འོས་འགན་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ལེགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་སློབ་སྦྱོང་དང་དོན་འཁྱོལ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ཡག་པོ་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལྟ་བུའི་གོ་གནས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་དོན་འཁྱོལ་བྱས་ནས། ཕྱོགས་ཡོངས་ནས་སྲོག་ཤིང་ལ་བརྩི་བཀུར་དང་བློ་ཁ་པེ་ཅིང་གི་ཕྱོགས་སུ་གཏོད་པ་དོན་འཁྱོལ་བྱས་ནས། ཁུལ་ཡོངས་ཏང་སྐྱོང་ལས་ཀ་སྟེགས་བུ་གསར་བར་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

གྲོས་ཚོགས་ཐོག་ནན་ཏན་གྱིས་ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུའི་ཏང་ཨུའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་སྐོར་གཟིགས་དག་ཐེར་གྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས། ཁུལ་ཡོངས་ཀྱི་ཏང་སྐྱོང་ཐད་གནས་པའི་གནད་དོན་དང་རྣམ་པ་གསར་བར་ངོས་འཛིན་ཡང་དག་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས། བདེ་ཆེན་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་གཞི་རིམ་ཏང་སྐྱོང་སྤུས་རྟགས་ཁག་གཅིག་སྐྲུན་ཏེ། མུ་མཐུད་དུ་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་བྱས་ནས། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ལུགས་སྲོལ་དམ་སྲུང་བྱས་ཏེ།      དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལེགས་པར་རྒྱག་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་དཔེ་སྟོན་ཁུལ་སྐྲུན་པར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་དང་གཏམ་བཤད་གནང་བ་རེད།