རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-03   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2018ལོའི་ཟླ12པའི་ཚེས25ཉིན། རང་ཁུལ་གྱིས་2018ལོའི་འཐབ་ཕྱོགས་གཅིག་གྱུར་ལས་རིགས་ཁག་གི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཁུལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་མཉམ་དུ་འཛོམས་ཏེ། 2018ལོར་བླངས་པའི་གྲུབ་འབྲས་མཉམ་གླེང་དང་། 2019ལོའི་འཕེལ་རྒྱས་ལ་མཉམ་གྲོས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁུལ་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་རིགས་ཀྱི་མི་སྣ་ཡོངས་ལ་བཀྲ་ཤིས་སྨོན་འདུན་བྱས་པ་རེད།
ཁྲ་ཀྲུང་ཝང་གིས་ལོ་གཅིག་རིང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ“འདུ་ཤེས་བཞི་”བརྟན་པོ་འཛུགས་པ་དང་། མུ་མཐུད་དུ་ཁུལ་བཞིའི་འཐབ་ཇུས་སྐུལ་འདེད་བྱས་པ། ཆོས་ལུགས་ལས་དོན་གྱི་ཐད་དུ། རང་ཁུལ་གྱིས་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཇུས་གཞི་དོན་འཁྱོལ་བྱས་པ་དང་གཏིང་ཟབ་ཀྱིས་གསར་དུ་བཟོ་བཅོས་བྱས་པའི་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་དོན་འཁྱོལ་བྱས་ནས། ཆོས་ལུགས་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་བྱེད་དགོས། ལོ་གཅིག་རིང་གི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་གྱི་ཐུགས་ཁུར་ལས་བྱུང་བའི་གྲུབ་འབྲས་ཡིན་ལ། ཁུལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་དང་འབད་བརྩོན་ལས་བྱུང་བ་ཡིན་པས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་འཐབ་ཕྱོགས་གཅིག་གྱིར་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་ཆབས་ཅིག ལོ་གསར་ལ་བཀྲ་ཤིས་རྟེན་འབྲེལ་འབུལ་བ་ཡིན་ཞེས་བཤད་པ་རེད།
ཁྲ་ཀྲུང་ཝང་གིས་ལོ་གསར་བའི་ནང་ང་ཚོས་མེས་རྒྱལ་གྱི་ལོ་70ལོན་པའི་སྐྱེས་སྐར་བསུ་བས། སང་ལོའི་རྣམ་གྲངས་ཁག་གི་ལས་དོན་ལེགས་པོ་སྒྲུབ་དགོས་ནས། སྔར་ལས་ལྷག་པའི་སྒོ་ནས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་འཕེལ་རྒྱས་ལ་སྙེག་པ་དང་། བློ་རྩ་གཅིག་སྒྲིལ་གྱིས་འཆམ་མཐུན་ལ་སྐུལ་འདེད་བྱེད་པའི་རྣམ་པ་ཆགས་དགོས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ནས། བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་རེ་བ་སྟོན་པ་རེད།