རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ཉེ་ཆར་པར་ལེན་མཁན་ཞིག་གིས་ཡུལ་ཤུལ་གྱི་འབྲི་ཆུའི་འགྲམ་དུ་གླག་རྒོད་སྒྲོ་མཇུག་དཀར་པོས་ཟས་འཚོལ་བར་རིག་ནས་པར་བླངས་ཡོད། གླག་རྒོད་སྒྲོ་མཇུག་དཀར་པོ་ནི་འདབ་ཆགས་གཏུམ་དྲག་ཅན་གྱི་གྲས་སུ་གཏོགས་ཤིང་། དེ་ནི《འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ》(IUCN)གྱི་རྩ་མེད་དུ་འགྲོ་ཉེན་ཆེ་བའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོར་བཀོད་ཡོད་པ་དང་། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན། ཟས་སུ་ཉ་གཙོར་བྱས་ཏེ། མཚོ་དང་མཚེའུ། ཆུ་ཁ་སོགས་སུ་འཚོ་གནས་བྱེད། ཀྲུང་གོའི་ནང་སོག་དང་ཧེ་ལང་ཅང་། ཀན་སུའུ་སོགས་སུ་ཡོད།