རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-11   རྩོམ་ཁུངས།   
ཟླ་1པོའི་ཚེས་10ཉིན་གྱི་སྔ་དྲོར། ཏ་ཕེང་(大鹏)ཞེས་པའི་ཧྲེན་ཀྲེན་མཁའ་འགྲུལ་གྱི་རྟགས་ཡོད་པའི་གནམ་གྲུ་ཞིག་དུས་ཚོད་2དང་སྐར་མ་45འཕུར་རྗེས་བདེ་ལེགས་ངང་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་ལ་བབས་པ་རེད། འདིས་ཧྲེན་ཀྲེན་ནས་སེམས་ཀྱི་ཉི་ཟླ་བར་གྱི་མཁའ་ལམ་སླར་ཡང་ཤར་གཏོང་ཐུབ་པ་མཚོན་ལ། གནམ་གྲུ་ཐང་ལ་བབས་རྗེས་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནས་གནམ་གྲུ་ཐོག་མ་འཕུར་བའི་མཛད་སྒོ་སྤེལ་བ་རེད།
རྒྱུས་ལོན་བྱུང་ལྟར་ན། མཁའ་ལམ་ཤར་གཏོང་ཐུབ་རྗེས་ཧྲེན་ཀྲེན་མཁའ་འགྲུལ་གྱིས་སེམས་ཀྱི་ཉི་ཟླར་ཉིན་རེར་གནམ་གྲུ་ཐེངས་གཅིག་རེ་གཏོང་རྒྱུ་ཡིན་ལ། ཧྲེན་ཀྲེན་ནས་སེམས་ཀྱི་ཉི་ཟླར་འཕུར་བའི་མཁའ་འགྲུལ་ཨང་རྟགས་ནི་ZH8959/60ཡིན། གཟའ་ཟླ་བ་དང་ལྷག་པ།པ་སངས་བཅས་ལ་ཧྲེན་ཀྲེན་ནས་འཕུར་བའི་དུས་ཚོད་ནི་06:15ཡིན་ལ། གཟའ་དམིག་དམར་དང་ཕུར་བུ། སྤེན་པ་བཅས་ལ་ཧྲེན་ཀྲེན་ནས་06:20སྟེང་འཕུར་བ་རེད།
ཁུལ་ཨུའི་ཧྲུའུ་ཅི། ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་རེན་ཀུའུ་ཁུན་དང་ཧྲེན་ཀྲེན་མཁའ་འགྲུལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱིའི་འགན་འཛིན་པ་ཝང་ཅེ་སོགས་ཐེངས་འདིའི་གནམ་གྲུ་ཐོག་མ་འཕུར་བའི་མཛད་སྒོར་ཞུགས་པ་མ་ཟད། བགྲོ་གླེང་གྲོས་ཚོགས་སྤེལ་བ་རེད། གྲོས་ཚོགས་ཐོག་ཀུའུ་ཁུན་གྱིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་མཁའ་འགྲུལ་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས་ལ། དུས་མཚུངས་སུ་དུས་ཡུན་རིང་བོར་བདེ་ཆེན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཧྲེན་ཀྲེན་མཁའ་འགྲུལ་དང་སྤྱི་ཚོགས་ཀྱི་རིགས་སོ་སོའི་མི་སྣ་རྣམས་ལ་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་མཁའ་འགྲུལ་འདི་ཤར་གཏོང་ཐུབ་རྒྱུ་ནི་བདེ་ཆེན་གྱི་ཡུན་རིང་རེ་སྒུག་བྱེད་ཡོད་པའི་འདུན་པ་ཡིན། ཧྲེན་ཀྲེན་ནས་སེམས་ཀྱི་ཉི་ཟླའི་བར་གྱི་མཁའ་འགྲུལ་ཤར་གཏོང་ཐུབ་པ་འདིས། རང་ཁུལ་དང་དར་རྒྱས་ཆེ་བའི་གྲོང་ཁྱེར་བར་བརྗེ་རེས་དང་མཉམ་འབྲེལ་གྱི་མཁའ་ཟམ་ཞིག་ཚུགས་ཐུབ་པས། སེམས་ཀྱི་ཉི་ཟླའི་ཟོང་རྟགས་གོང་འཕེལ་གཏོང་བ་དང་རང་ཁུལ་གྱི་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བར་དོན་སྙིང་ཆེན་པོ་ལྡན། རྗེས་ཕྱོགས་ཕྱོགས་གཉིས་ཀའི་འབད་བརྩོན་དང་རང་རང་གི་ནུས་པ་འདོན་སྤེལ་གྱིས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་ལ་མཁའ་འགྲུལ་གྱི་གཤོག་པ་གཡར་ནས་སླར་ཡང་ནམ་འཕང་གཅོད་པའི་རེ་བ་ཡིན་ཞེས་བཤད།
ཝང་ཅེ་ཡིས་བདེ་ཆེན་གྱི་ལོ་འདི་དག་གི་འཕེལ་རྒྱས་ཀྱི་འབྲས་བཟང་གིས་མི་རྣམས་ཀྱི་བློ་སྤོབས་སྐྱེད་ལ། ལྷག་པར་དུ་ཡུལ་སྐོར་མཁའ་འགྲུལ་གྱི་ཁྲོམ་རའི་འཕེལ་རྒྱས་ཧ་ཅང་བཟང་། ཐེངས་འདིའི་མཁའ་འགྲུལ་ཤར་གཏོང་ཐུབ་པར་ཡང་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ། ཁེ་ལས་དང་ས་གནས་ཀྱི་འདུན་པ་གཅིག་མཚུངས་ཡིན་ཏེ། སེམས་ཀྱི་ཉི་ཟླའི་ཟོང་རྟགས་ལེགས་པོ་བསྒྲུབ་རྒྱུ་དེ་ཧ་ཅང་གཙོ་བ་རེད། ཧྲེན་ཀྲེན་མཁའ་འགྲུལ་གྱིས་མ་འོངས་པར་སེམས་ཀྱི་ཉི་ཟླ་ནས་ཧྲེན་ཀྲེན་བར་གྱི་མཁའ་འགྲུལ་འདི་བརྒྱུད་ནས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་སོགས་ཕྱི་ཕྱོགས་ལ་མཁའ་ལམ་ཤར་གཏོང་བྱས་ནས། མཁའ་ལམ་ཤར་གཏོང་གིས་སྔར་ལས་ལྷག་པར་བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་གཞི་ཡོད་ཅེས་བཤད།
པདྨ་བཀྲ་ཤིས་ནི་བདེ་ཆེན་གྱི་གནམ་གྲུའི་ཁ་ལོ་བ་ཐོག་མ་ཡིན་ལ། ད་ཐེངས་གནམ་གྲུ་འདིར་བསྡད་ནས་ཕྱིར་ཕ་ཡུལ་དུ་ཡོང་ཡོད་པ་རེད། ཁོས་བཤད་རྒྱུར། ལོ་བཅུའིསྔོན་ལ་བདེ་ཆེན་གནམ་གྲུ་ཐང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བསོད་ནམས་ཧྲེན་ཀྲེན་མཁའ་འགྲུལ་ཁང་ལ་འཚམས་འདྲིར་ཡོང་སྐབས་སུ་ཁོང་གིས་མ་འོངས་པར་ཕ་ཡུལ་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྔོན་གྲལ་གྲོང་ཁྱེར་ཁག་བར་མཁའ་ལམ་ཤར་གཏོང་ཐུབ་པའི་རེ་བ་ཆེན་པོ་ཡོད་ཅེས་བཤད་མྱོང་། 2018ལོར་ང་ཚོ་སླར་ཡང་ཧྲེན་ཀྲེན་ནས་འཛོམས་པ་ཡིན། སྐབས་དེར་སེམས་གཏིང་ནས་ངས་ཕ་ཡུལ་གྱི་མཁའ་འགྲུལ་ལས་བྱེད་པའི་ཐོག་མའི་སེམས་འདུན་མི་བརྗེད་དང་ལས་འགན་སེམས་ནས་མི་འབོར་པའི་སྙིང་སྟོབས་རྟོགས་བྱུང་ལ། སྔོ་བསང་གི་ནམ་མཁར་དབང་བའི་མི་བུ་ང་ཡང་ཕྱིར་ཕ་ཡུལ་དུ་སླེབས་བྱུང་ཞེས་བཤད།
རྒྱུས་ལོན་བྱུང་བ་ལྟར་ན།ཧྲེན་ཀྲེན་མཁའ་འགྲུལ་གྱིས་དེ་སྔོན་2004ལོའི་ཟླ་5བའི་ཚེས་18ཉིན་ཧྲེན་ཀྲེན་ནས་ཀྲུའེ་ཡང་། སེམས་ཀྱི་ཉི་ཟླ་བཅས་ཀྱི་བར་དུ་མཁའ་འགྲུལ་ཞིག་ཤར་གཏོང་བྱས་ལ། 2006ལོའི་ཟླ་7པའི་ཚེས་8ཉིན། ཧྲེན་ཀྲེན་ནས་སེམས་ཀྱི་ཉི་ཟླའི་བར་ཐད་འཕུར་མཁའ་འགྲུལ་ཞིག་ཤར་གཏོང་བྱས།འོན་ཀྱང་2018ལོར་ཧྲེན་ཀྲེན་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ཐད་འཕུར་གནམ་གྲུ་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་ད་ལྟའི་བར་དུ་འཕུར་མཚམས་བཞག་པ་རེད། ལོ་10ཡི་རིང་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཁའ་འགྲུལ་སླར་གསོ་ཐུབ་པར་གདེང་འཇོག་ཚད་མཐོན་པོ་བྱས་ཤིང་། ཡུན་ནན་གནམ་གྲུ་ཐང་མཐུན་ཚོགས་དང་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་སོགས་ཕྱོགས་མང་བོའི་ཐད་སྙོམས་སྒྲིག་བྱས་ལ། འབད་བརྩོན་ལྷོད་མེད་དང་མི་དམངས་མཁའ་འགྲུལ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་ཧྲེན་ཀྲེན་མཁའ་འགྲུལ་ཀུང་སི་སོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཧྲེན་ཀྲེན་ནས་སེམས་ཀྱི་ཉི་ཟླ་བར་གྱི་མཁའ་འགྲུལ་སླར་ཡང་ཤར་གཏོང་ཐུབ་པ་རེད།
1999ལོའི་ཟླ་བ་4བའི་ཚེས་30ཉིན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ཚུགས་ནས་མཁའ་འགྲུལ་ཤར་གཏོང་ཐུབ་རྗེས། ལོ་ངོ་20རིང་ལ་སེམས་ཀྱི་ཟླའི་ལོ་རེའི་ཡུལ་སྐོར་སྣེ་ལེན་མི་གྲངས་ཁྲི་60སླེབས་ཡོད་དེ། བདེ་ཆེན་གནམ་གྲུ་ཐང་བོད་ཁུལ་གྱི་གནམ་གྲུ་ཐང་ཨང་གཉིས་པ་དང་ཤར་ཕྱོགས་བོད་ཁུལ་གྱི་མཁའ་འགྲུལ་སྟེ་གནས་གཙོ་བོའི་ཞིག་དུ་འགྱུར་ཡོད།
ཁུལ་ཨུའི་རྒྱུན་ལས་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཀྲི་པོ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་པ་ཆེན་མོ་ཁྲེན་ཕིང་། དེ་མིན་ཧྲེན་ཀྲེན་མཁའ་འགྲུལ་ཚད་ཡོད་འགན་འཁྲི་ཀུང་སིའི་འབྲེལ་ཡོད་འགོ་ཁྲིད་སོགས་ཐེངས་འདིའི་གནམ་གྲུ་ཐོག་མ་འཕུར་བའི་མཛད་སྒོར་ཞུགས་ཡོད།