རྩོམ་པ་པོ།   བསོད་ནམས་ནོར་བུ།  ཡིག་བསྒྱུར།       དུས་ཚོད།   2019-01-16   རྩོམ་ཁུངས།   
ཤར་ཕྱོགས་རི་སྙིང་དཔའ་བོ།
བྱང་ཕྱོགས་དགྲ་ལྷ་ཁྱུང་ཆེན།
ལྷོ་ཕྱོགས་སྐས་རི་གངས་དཀར།
དེ་གསུམ་ཡུལ་ཕྱོགས་སྐྱབས་གནས།
སྒོག་རོང་དངུལ་ཆུ་དཀར་པོ།
ཤྭ་ལོན་ཡོན་ཆབ་སྔོན་པོ།
གཙང་པོའི་ཆུ་གཉིས་བར་ལ།
བཀྲ་ཤིས་ཡུལ་བརྒྱད་ཆགས་བྱུང་།
བཀྲ་ལ་ཤིས་པའི་ཡུལ་བརྒྱད།
ལོ་ཆུང་རང་གི་ཕ་ཡུལ།
ཡུལ་ལྗོངས་མཛེས་པའི་ས་ཆ།
ལོ་རྒྱུས་དུས་ཡུན་རིང་བོ།
ཐོན་ཁུངས་ཕུན་སུམ་ཚོགས་པ།
གླུ་བྲོ་བསྟན་པ་དར་བྱུང་།
མི་ལ་མཛེས་སྡུག་ལྡན་པ།
ཁམས་གཞི་དབང་ཐང་མཉམ་བྱུང་།
སྒྲིག་ལམ་ལུགས་སྲོལ་ཡག་དྲགས།
ཡུལ་ཕྱོགས་མིག་དཔེ་བལྟ་ས།
བཀྲ་ལ་ཤིས་པའི་ཡུལ་བརྒྱད།
ལོ་ཆུང་རང་གི་ཕ་ཡུལ།