རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཐུན་མོང་སློབ་སྦྱོང་ཚོགས་འདུ་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།



ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཐུན་མོང་སློབ་སྦྱོང་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཝང་དབྱང་གིས་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཚེས16ཉིན་ཐུན་མོང་སློབ་སྦྱོང་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཝང་དབྱང་གིས་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་།

 ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ང་ཚོ་ཏང་གི་རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་བསྒྱུར་དང་རུལ་སུངས་ལ་རྡུང་རྡེག་ཆད་གཅོད་བྱེད་པའི་བློ་རྩ་བརྟན་པོ་དང་ཆོད་སེམས་མཚོན་པར་བྱས་ཡོད་ཟེར།

 ཚོགས་ཐོག་ནས། ན་ནིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་ཡིས་ཏང་གི་འཛུགས་སྐྲུན་དམ་འཛིན་བྱས་ནས་གྲུབ་འབྲས་བཟང་བོ་བླངས། ད་ལོའི་ཏང་ཙུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱེད་པ་བརྗོད་སྙིང་དུ་བྱས་པ་མ་ཟད། ཏང་གི་འཛུགས་སྐྲུན་དམ་འཛིན་བྱེད་རྒྱུ་དེ་འགོ་རྩོམ་པའི་བྱ་བར་བརྩིས་ཡོད་ལ། དེ་ནི་ཏང་ཙུའུ་ཡིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འགུལ་སྐྱོད་དངོས་ཡིན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་དགོས་ལ། མི་དམངས་སྲིད་གྲོས་ངོ་བོའི་སྟེང་ནས་བཤད་ན་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པས། ངེས་པར་དུ་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། ཏང་གི་ཆབ་སྲིད་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་གཙོ་གཞི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་གཏན་ཤུགས་དང་ཆབ་སྲིད་རྒྱུས་ལོན་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་ཡིན་ལ་འགྱུར་ལྡོག་ཆེ་བའི་རྒྱབ་ལྗོངས་འོག ཏང་གི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བ། མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་དཀའ་ངལ་ཁྱད་སེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། བཅོས་བསྒྱུར་སྒོ་འབྱེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། རང་ཉིད་གསར་བརྗེ་བྱེད་པ་དང་། རང་ཉིད་ལ་རེ་བ་ནན་མོ་འདོན་པ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆབ་སྲིད་སྟེང་བློ་དཀར་བ་དང་དཔལ་འབྱོར་སྟེང་དྭངས་གཙང་ཡིན་པ། བྱ་བའི་ཐད་ནས་ཁག་ཁུར་ཡོད་པར་བྱེད་དགོས། ཏང་ཙུའུ་ཁོངས་མིས་ཉིན་རྒྱུན་དུ་ཚད་གཞི་དང་རེའུ་མིག་ལ་དམིགས་ནས། དུས་ལྟར་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱེད་པ་དེ་འགུལ་སྐྱོད་དངོས་ཀྱི་སྟེང་དང་བདེན་འཛིན་དངོས་གཉེར་བྱེད་པའི་འགན་འཁྲིའི་སྟེང་མཚོན་པར་བྱེད་དགོས་ཟེར།  །