རྩོམ་པ་པོ།   དབྱང་ཡུང་།   ཡིག་བསྒྱུར།       དུས་ཚོད།   2019-01-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ1པོའི་ཚེས15ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཁུལ་ཨུའི་རྒྱུན་ཨུ་འམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མིའོ་ཡིའུ་ཧྥ་ཡི་ཕེབས་རོགས་འོག་རང་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སྟེ་གུ་རུ་ཤར་རྩེ་བསྟན་འཛིན་ཆོས་འཕེལ་ལགས་ལ་འཚམས་འདྲི་གནང་བ་དང་ཁོང་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། དེར་མ་ཟད། ཉིན་དེར་ཀུན་ཁུན་ད་དུང་འབྲེལ་ལམ་འཛུགས་སའི་ཁེ་ལས་ནང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་གནང་ཡོད།
འཇོལ་རྫོང་སྤམ་རྩེ་རགས་གྲོང་རྡལ་དུ་ཐོན་དུས། ཀུའུ་ཁུན་དང་བཅས་པ་གུ་རུ་བསྟན་འཛིན་ཆོས་འཕེལ་ལགས་ཀྱི་གཟིམ་ཤག་དུ་འབྱོར་ནས་ཁོང་གི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཀུན་ཁུན་གྱིས་འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང། ཁུལ་བསྐྲུན་འཐབ་ཇུས་བཞི་རྒྱུན་མཐུད་ནས་སྐུལ་འདེད་བཏང་ཡོད། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད་པ་དང་། དམངས་འཚོ་རྒྱུན་མཐུད་ངང་ལེགས་བཅོས་བྱུང་ཡོད། སྤྱི་ཚོགས་འཆམ་མཐུན་བརྟན་གནས་བཅས་ཡོང་ཡོད་པས། གྲུབ་འབྲས་འདི་དག་ཐོབ་པ་ནི་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་བྱས་རྗེས་དང་ཁ་འབྲལ་ཐབས་མེད་ཅེས་གསུངས། ལོ་གསར་བའི་ནང་དུ། གུ་རུ་ཤར་རྩེ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རང་ཁུལ་གྱི་ཆོས་ལུགས་ལས་རིགས་ལ་མུ་མཐུད་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། ཐུན་མོང་ཐོག་དུས་རབས་གསར་པའི་ནང་རང་ཁུལ་གྱི་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་སྟེ། བདེ་ཆེན་གྱི་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འགོད་ཀྱི་ཆེད་དུ་སྔར་ལས་ལྷག་པའི་ནུས་ཤུགས་འདོན་དགོས་པའི་རེ་བ་བཏོན་པ་རེད།
གུ་རུ་ཤར་རྩེ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་ཉེ་བའི་ལོ་ཤས་རིང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ལས་དོན་ལ་ཤིན་ཏུ་མཐོང་ཆེན་བྱས་ཡོད་ཅིང་། དགོན་སྡེ་དང་ལྷ་ཁང་ཉམས་གསོ། སྲུང་སྐྱོང་བཅས་ཀྱི་ཕྱོགས་ལ་མ་དངུལ་འབོར་ཆེན་བཏང་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ཡོད་པས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཁག་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ལོ་གསར་པའི་ནང་དུ་རང་ཁུལ་གྱི་ཆོས་ལུགས་ལས་རིགས་ཁག་གི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་དང་རྒྱུན་འཛིན་བྱས་ནས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བཏང་སྟེ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བར་རང་ཉིད་ཀྱི་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས།
ཉིན་དེར། ཀུའུ་ཁུན་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲིན་ཡུས་ཐེན་ཞང་འབྲི་གཡག་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནང་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་ལས་གཉེར་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་ཀྱང་གནང་ཡོད།