རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-21   རྩོམ་ཁུངས།    མི་དམངས་དྲ་བ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཞོལ་ལུང་ཤང་སྨན་སྟེང་གྲོང་ཚོའི་སློབ་ཆུང་ནི་རྒྱ་མཚོའི་ངོས་ནས་སྨི་2600ཡོད་པའི་རི་ཁུག་ཏུ་གནས་ཤིང་། འདི་ནི་གྲོང་ཚོའི་བྱིས་པ་ཚོའི་བློ་སྒོ་འབྱེད་ས་དེ་ཡིན་པ་རེད། བཀྲ་ཤིས་ཆོས་འཕེལ་གྱིས་གནས་འདི་རུ་ལོ་ངོ་24རིང་ལ་སློབ་ཁྲིད་བྱས་པ་དང་། ཁོང་གི་སློབ་མ་ཐུབ་བསྟན་རྒྱ་མཚོ་ནི་ལོ་བརྒྱད་ཀྱི་སྔོན་ལ་གྲོང་ཚོའི་སློབ་ཆུང་དུ་ཕྱིར་ལོག་ནས་དགེ་རྒན་གྱི་ལས་ཀ་གཉེར། ཉེ་བའི་ལོ་20རིང་། དུད་ཁྱིམ་43ཙམ་ལས་མེད་པའི་རི་ཁུག་གི་གྲོང་ཚོ་འདི་ནས་སློབ་ཆེན་སློབ་མ་26བྱུང་འདུག