རྩོམ་པ་པོ།   ཧེ་ཏུས་ལུང་།  ཡིག་བསྒྱུར།       དུས་ཚོད།   2019-01-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
2018ལོའི་ཟླ11པའི་ཚེས14ཉིན། འབྲི་ཆུའི་ཆུ་ལོག་དང་འཁྱིལ་ཆུའི་རྒྱུན་ཟགས་འཇོལ་རྫོང་སྤམ་རྩེ་རགས་གྲོང་རྡལ་གྱི་མངའ་ཁོངས་ནས་བརྒྱུད་པ་དང་། དམངས་འཚོ་གྲོང་གསར་གྱི་གྲོང་མིའི་སྡོད་ཁང་23ཚང་མ་ཆུས་བསྣུབས་པ་རེད། ཉེ་དུས། གྲོང་ཚོ་དེའི་གྲོང་མི་ཚོས་གཞན་ལ་མི་སྒུག་པ་དང་གཞན་ལ་མི་བརྟེན་པའི་ཆོད་སེམས་བཅངས་ནས་ཧུར་བརྩོན་གྱིས་ཐོན་སྐྱེད་སླར་གསོའི་ཁྲོད་དུ་ཞུགས་ཏེ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་བྲེལ་བཞིན་ཡོད།
ད་སྐབས་གྲོང་ཚོ་དེའི་ལམ་ངོས་དང་ཁྱིམ་ཚང་རེ་རེའི་སྒོ་རའི་ནང་ལ་གཞི་རྩའི་ཐོག་གཙང་དག་བཟོས་ཚར་ཡོད། ས་གནས་དེ་གའི་གྲོང་མིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ལོག་མངའ་ཁོངས་ནས་བརྒྱུད་སྐབས། ཁྱིམ་མི་ཚོས་གནས་སྤོར་བྱས་མ་ཚར་བའི་ཅ་ལག་ཚང་མ་ཆུས་འཁུར་སོང་། གྲོང་ཚོའི་འཕྲོད་བསྟེན་སྲང་ལམ་དང་དེ་བཞིན་རྒྱལ་ལམ་214 ལམ་ཐིག་གི་ལང་ངོས་ལ་འདམ་བག་དང་གད་སྙིགས་ཀྱིས་བཀང་བྱུང་། ས་གནས་འདི་གའི་སྲིད་གཞུང་དང་། དྲག་ཆས་ཉེན་རྟོག་དཔོན་དམག་གི་རོགས་རམ་འོག་གྲོང་མི་ཚོས་ཡིད་ཆེས་ཟབ་མོ་བསྐྱེད་ནས། ཉིན5རིང་ལ་གཙང་སེལ་ལས་ཀ་བསྒྲུབས་ནས་ལེགས་འགྲུབ་བྱུང་ཡོད་ཟེར།
དེང་སྐབས། གྲོང་མི་ཚོས་ཐོན་སྐྱེད་སླར་གསོ་དང་། ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱེད་པའི་སྐབས་དེའི་སེམས་ཚགས་ལྗིད་མོ་བཞག་ནས། ད་ནི་གང་སར་ལས་ཀ་སྣ་མང་ལ་བྲེལ་བའི་རྣམ་པ་ཞིག་གིས་འཁེངས་འདུག དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བས། གྲོང་མི་ཚོས་ཁྱིམ་ཕྱི་ནང་ལ་གད་ཕྱིས་གཙང་མ་རྒྱབ་སྟེ་བདེ་བདེ་ལྷོད་ལྷོད་ཀྱིས་ལོ་གསར་བ་ཞིག་རོལ་ཐུབ་པ་ནི་མིག་སྔར་གྱི་ཆེས་ཆེ་བའི་བསམ་འདུན་ཡིན་པར་བསྟན་བྱུང་།
རང་བྱུང་གནོད་འཚེས་དབང་གིས་མ་གཞི་ནས་འཚོ་བའི་དཀའ་ཁག་ཡིན་པའི་ཨ་ཚོགས་ཚང་ལྷག་ཏུ་སྡུག་ལ་སྦྱར། ཁོ་ཚང་གི་བྱིས་པ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད། རྒྱུན་པར་ཡིན་ན་ཡང་འཚོ་བའི་དཀའ་ཁག་ཅུང་ཆེ། ལུས་པོ་དེ་འདྲ་བདེ་རྒྱུ་མེད་པའི་ཨ་མ་ལགས་ལ་བདག་སྐྱོང་བྱེད་ཕྱིར། ཁོས་དུས་ཡུན་ཐུང་བའི་ཞོར་ལས་བྱེད་པ་དང་། དེའི་ཞོར་དུ་ཧུར་ཐག་བྱས་ནས་སྡོད་ཁང་ཞིག་གསོ་བྱེད་བཞིན་ཡོད། སྡུག་ལ་འཕྲད་ན་ཡང་ཁོའི་སེམས་པ་ཕམ་མེད་ལ། ཁོས་བཤད་ན་ཁང་ཁྱིམ་གནས་ཡོད་ན་དོན་དག་ཚང་མ་རིམ་བཞིན་ཇེ་ལེགས་སུ་ཡོང་ངེས་ཡིན་ཟེར། ཨ་ཚོགས་དང་འདྲ་བར་གྲོང་མི་ཀུན་གྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་བརྩོན་གྱི་འདུག ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རོགས་རམ་འོག་སྡོད་ཁང་རེ་རེ་བསྐྱར་སྐྲུན་སླར་གསོ་བྱེད་བཞིན་པའི་སྒང་ཡོད་པས། གྲོང་མི་ཚོས་གདོང་ལ་ཡང་སྔར་མེད་ཀྱི་འཛུམ་མདངས་ཤིག་རྒྱས་འདུག
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་སྐྱིད་ཐམས་ཅད་ནི་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་ཞེས་གསུངས་ཡོད། གྲོང་མི་ཚོས་ཀྱང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་འདི་དང་ལེན་དང་ལག་བསྟར་བྱེད་ཀྱི་ཡོད། ལས་ལ་བརྩོན་ཞིང་དཔའ་མི་ཞུམ་པའི་གྲོང་མི་ཚོས་མི་འགྱངས་པར་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་ཞིག་ཏུ་བསྒྱུར་ཐུབ་པའི་ཡིད་ཆེས་ཟབ་མོ་ཡོད།