ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་28པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-24   རྩོམ་ཁུངས།   

             སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས་21ཉིན།  ཁུལ་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་28པ་འཚོགས་པ་རེད།  ཁུལ་དཔོན་ཆི་ཅན་ཞིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།  ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་དང་།  ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་ཚོགས་འདུ།  སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།  ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྱི་ཚོགས་འདུ།  ཞིང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།  ཁུལ་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ལ་བཅོས་སྒྲིག་བྱེད་པའི་ལས་ཀ  སྐབས་བཞི་པའི་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཞིབ་ཀྱི་སྐུལ་སྤེལ་གནས་ཚུལ་སོགས་ཀྱི་སྙན་སེང་ཉན་པ་རེད། 

     རྒྱུན་ལས་ཁུལ་དཔོན་གཞོན་པ་མང་ཧྲའོ་པིའོ་དང་།  ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་།  དབྱང་ཀྲེང་དབྱི།  སུང་ཐའོ། ཞུས་ཕེང་ཧྲེང་།  ལི་ཡིང་པིང་།  དྲུང་ཡིག་ཆེན་མོ་ཁྲེང་ཕིང་བཅས་ཚོགས་འདུར་ཞུགས།