རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-24   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས་17ཉིན་གྱི་དགོང་མོར། ཁུལ་སྲིད་གྲོས་ཀྱིས་2019ལོའི་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་རྣམས་དགའ་སྤྲོའི་ངང་ནས་ཇ་སྟོན་ལ་རོལ་བ་རེད།
ཁུལ་ཨུའི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་ཇ་སྟོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་ཇ་སྟོན་དུ་ཞུགས་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྱིས་ཇ་སྟོན་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
ཇ་སྟོན་ཚོགས་འདུ་ཐོག་ཀུའུ་ཁུན་གྱིས་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ནས་ཇ་སྟོན་ཚོགས་འདུར་ཞུགས་པའི་བློ་མཐུན་དང་དེ་མིན་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་མང་ཚོགས། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ལ་དཔྱིད་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་གསུམ་ལ་ཐུགས་ཁུར་དང་རོགས་རམ། རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ལས་རིགས་ཁག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཀུའུ་ཁུན་གྱིས་2018ལོ་ནི་ཁུལ་ཡོངས་གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་བྱས་པའི་ལོ་ཐོག་མ་ཡིན་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བའི་ལོ་ཡང་ཡིན། ལོ་འདིའི་ནང་དུ། ཁུལ་ཡོངས་ཀྱིས་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོའི་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ། སྤྱི་ཚོགས་ཁྱོན་ཡོངས་སྔར་བས་འཆམ་མཐུན་བརྟན་བརླིང་དང་མི་རིགས་ཁག་དབར་སྔར་བས་མཐུན་སྒྲིལ་མཛའ་བཤེས། ཏང་གིས་བོད་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་སོགས་ཀྱི་གྲུབ་འབྲས་གསར་པ་བླངས་པས། བདེ་ཆེན་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་གོམ་པ་སྤོས་ནས་དུས་རབས་གསར་པར་འབད་འཐབ་བྱས་པ་རེད་ཅེས་བཤད་པ་རེད།
ཀུའུ་ཁུན་གྱིས་2019ལོར་ང་ཚོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་70འཁོར་བའི་སྐྱེས་སྐར་བསུ་བ་དང་ ཁུལ་ཡོངས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དང་འབྱོར་འབྲིང་ལ་རྒྱལ་ཁ་ལེན་པའི་མཐའ་མའི་གདོང་མཆོང་གི་ལོ་ཡང་ཡིན་པས། ཁུལ་ཡོངས་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བདེ་ཆེན་འདི་ཉིད་བདེ་སྡོད་ལས་བརྩོན་དང་འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པོ། མི་རིགས་མཐུན་སྒྲིལ།ཤེས་རིག་འཆམ་མཐུན་གྱི་བོད་ཁུལ་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཞེས་བསྟན་པ་རེད། (པདྨ་མཚོས་བསྒྱུར།)