གཟའ་འཁོར་གཅིག་གི་གལ་ཆེའི་གསར་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-24   རྩོམ་ཁུངས།   

            ★ཞིང་ཆེན་སྒྲིག་ཨུ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བཀོད་སྒྲིག་དང་བླང་བྱ་ལྟར། ཟླ1པོའི་ཚེས16ཉིན། ཁུལ་ཨུའི་རྒྱུན་ཨུ་འགོ་ཁྲིད་ཚན་པས་2018ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་གདེང་ཚོད་བཞི་བརྟན་པོ་དང་། འགན་འཁྲི་ཁུར་ཕོད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་སོགས་ཀྱིས་བརྗོད་དོན་གཙོ་བོར་བྱས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཚན་པའི་དམངས་གཙོའི་འཚོ་བ་ལ་གཤིབ་བསྡུར་དང་། འགོ་ཁྲིད་ཚན་པ་དང་མི་སྒེར་གྱི་བསམ་བློའི་ལས་ཀའི་གནས་ཚུལ་དངོས་དང་འབྲེལ་བ་དམ་ཟབ་བྱས་ནས། གཏིང་ཟབ་ཀྱིས་རང་གིས་རང་ལ་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱས་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་ནས་དོན་དངོས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་པ་རེད།

    ★ཞིང་ཨུ་དང་ཁུལ་ཨུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཟླ1པོའི་ཚེས18ཉིན། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་འགོ་ཁྲིད་ཚན་པས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།ཁུལ་དཔོན་ཆི་ཅན་ཞིན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་། གྲོས་ཚོགས་ཐོག་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་འགོ་ཁྲིད་ཚན་པའི་2017ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་2018ལོའི་སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་གྱི་ལས་དོན་སྒྲུབ་ཚུལ་བརྡ་ཁྱབ་བཏང་བ། 2018ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་བྱར་དམིགས་ནས།ཆི་ཅན་ཞིན་གྱིས་ཁུལ་མི་དམངས་སྲིད་གཞུང་ཏང་ཙུའུ་འགོ་ཁྲིད་ཚན་པའི་ཚབ་བྱས་ནས་ལྟ་སྡུར་ཞིབ་བཤེར་བྱས་པ་རེད།