བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་དུ“བྲག་གསུམ་མཚོ་ཆེན་པོ”ཞེས་པའི་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-24   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


        བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་དུ་གནས་ཤིང་། མཛེས་ལྗོངས་ཁུལ་དུ་གངས་རི་དང་། མཚེའུ། ནགས་ཚལ། རྦབ་ཆུ། འབྲོག་ར། རིག་དངོས་གནའ་ཤུལ་དང་དགོན་པ་གྲགས་ཅན་བཅས་གཞི་གཅིག་ཏུ་འདུས་ཏེ་ཡུལ་ལྗོངས་དང་་དུས་བཞི་མི་འདྲ་བ་ཞིག་ཡིན་པ་དང་། བདག་ཏུ་མ་བཟུང་བའི་རྩ་ཆེའི་རྩི་ཤིང་སྣ་ཚོགས་གཅིག་ཏུ་འདུས་ཏེ་དེ་ནི་མི་ཡུལ་གྱི་ཞིང་ཁམས་ཤིག་ཡིན།

        1994 ལོར་བྲག་གསུམ་མཚོ་རྒྱལ་ཁབ་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། དུས་མཚུངས་སུ་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་འཛམ་གླིང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས།2017 ལོའི་ཟླ9 པར་རྒྱལ་ཁབ་ཀྱི5A རིམ་པའི་སྣོད་བཅུད་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་ཏེ། དེ་ནི་བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་རིགས་ཀྱི་རྒྱལ་ཁབ་ཀྱི5A རིམ་པའི་མཛེས་ལྗོངས་ཁུལ་གཅིག་པུ་ཡིན།

        རྒྱུས་ལོན་བྱུང་བ་ལྟར་ན། 2018 ལོར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི41.7སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་ཀྱི་སྒོར་དུང་ཕྱུར3427.04མངོན་འགྱུར་བྱུང་བ་དང་། ཡུལ་སྐོར་ཡོང་འབབ་དུས་མཚུངས་ལས35% འཕར་བ་རེད།

        བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་བཀའ་དྲིན་ལ་བརྟེན་ནས་སྐུལ་ཁྲིད་བྱས་པའི་ཉེ་འགྲམ་མི་སེར་གྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་ཞིང་། ཕ་ཡུལ་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་བྱེ་པ་གྲོང་ཚོ་ནས་ཡིན་པའི་སྒྲོལ་དཀར་གྱིས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་སྐྱོང་བྱས་ཏེ་ལོ10 ལྷག་ཙམ་གྱི་ཉམས་མྱོང་ཡོད་པ་དང་། ན་ནིང་གི་ཡོང་འབབ་ལ་བསྐྱར་བཤེར་ཚར་རྗེས། སྒྲོལ་དཀར་གྱིས་གསར་འགོད་པར་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སུ་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་ཐོན་ཐུབ་པ་དང་། དུས་རྒྱུན་སྒྲོལ་དཀར་གྱིས་རང་གི་ཐའོ་པའོ་ཚོང་ཁང་གཉེར་བ་དང་དེ་བཞིན་ཁྱད་ཐོན་དངོས་རྫས་ཚབ་འཚོང་བྱས་ཏེ་ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི་ལྔ་བཅུ་དྲུག་ཅུ་ལྷག་ཡིན་ཞེས་བཤད།

        འདི་ནི་སྒྲོལ་དཀར་གྱིས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་མདུན་དུ་འདྲ་པར་ལེན་པའི་རྣམ་པ་རེད།

        འདི་གར་སྒྲོལ་དཀར་ཚང་གི་ཡོང་འབབ་ནི་ཆེས་མཐོ་བ་དེ་མིན་ཞིང་།  མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཚོ་བ་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་སྟེ་ཡུལ་སྐོར་ཐོན་ལས་འབབ་འཕར་ཕྱུག་འགྱུར་མངོན་འགྱུར་བྱུང་སྟེ། དུད་ཚང་དབུལ་པོས་ཀྱང་སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་ལྟོ་གོས་ཡག་ཏུ་སོང་།

        རྒྱུས་མངའ་ལོན་ཚུལ་ལྟར་ན། ཀོང་པོ་རྒྱ་མདའ་རྫོང་གིས་སྣོད་བཅུད་ཡུལ་སྐོར་ལས་རིགས་དང་དམངས་ཕྱུག་དབུལ་སྐྱོར་ལས་ཀ་གཉིས་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། མཛེས་ལྗོངས་ཁུལ་ནང་དུ་ཡུལ་སྐོར་སྣེ་ལེན་ལྟེ་གནས་བཙུགས་པ་ཡིན་ཚེ། བྱེ་པ་གྲོང་ཚོས་ལོ་རེར་ཡོང་འབབ་སྒོར་ཁྲི16 ཙམ་འཁྱེར་ཡོང་སྟེ་ཉེ་འཁོར་གྱི་གྲོང་རྡལ་ཞ་ལས་ཞུགས་ལས་གནས132ལྷག་་མཁོ་འདོན་བྱེད་ཐུབ་པར་མ་ཟད། ཡུལ་སྐོར་ཡོང་འབབ་ཀྱི་བརྒྱ་ཆ་ལྔ་ལྷག་མཚོ་མགོ་ཤང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ནང་དུ་བཞག་སྟེ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱ་བ་མངོན་འགྱུར་ཡོང་བར་འབད་བརྩོན་བྱས།

        མིག་སྔར། ཀོང་པོ་རྒྱ་མདའ་རྫོང་གིས་སྣོད་བཅུད་ཡུལ་སྐོར་ལས་རིགས་དེ་རྫོང་ཡོངས་ཀྱི་གཙོ་རྐང་ཐོན་ལས་ཤིག་ཏུ་བཟུང་སྟེ “ བྲག་གསུམ་མཚོ་ཆེན་པོའི” འདུ་ཤེས་བཏོན་ཏེ། ཐོན་ཁུངས་ལེགས་སྒྲིག་དང་། རིག་གནས་ཀྱི་དོན་སྙིང་བསྔོག་འདོན་བྱས་པ་བརྒྱུད་མ་ལག་ཆེན་པོ་དྲུག་རིམ་པ་བཞིན་འཐུས་ཚང་དུ་བཏང་སྟེ།  བྲག་གསུམ་མཚོའི“མཚེའུ་གཅིག་དང་གླིང་ཕྲན་གཅིག” གི་གནས་སྟངས་གཏོར་བར་བྱས་་པ་དང་། ཐུན་མོང་ཐོག“ བྲག་གསུམ་མཚོ་ཆེན་པོའི” ཡུལ་སྐོར་ཁུལ་གསར་སྐྲུན་བྱས་ཏེ་ཡུལ་སྐོར་ཕྱོགས་སྒྱུར་གྱི་རིམ་མངོན་འགྱུར་བྱ་རྒྱུ་དང་། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་བྲག་གསུམ་མཚོ་དང་དེ་བཞིན་མཐའ་འཁོར་ས་ཁོངས་དུ་འཛམ་གླིང་ཕུགས་བསམ་གྱི་སྣོད་བཅུད་ཡུལ་སྐོར་དམིགས་ས་ཞིག་བསྐྲུན་རྒྱུ་རེད།