སྨན་པས་རྩམ་པ་མང་ཙམ་ཟོ་དཀྲུགས་ཇ་ཉུང་ཙམ་བཏུང་ཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-01-28   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ཉེ་སྔོན། སྐབས་གཉིས་པའི་རྒྱལ་ཁབ་རིམ་པའི་ལྷ་རྗེ་ཆེན་མོ་དཔྱད་འདེམས་ཚོགས་འདུའི་ཐོག་ཏུ། བོད་ལྗོངས་བོད་སྨན་ཁང་གི་མཚན་འཛིན་གཙོ་འཛིན་ནམ་འགན་འཛིན་སྨན་པ་དགྲ་འདུལ་ནི། འདེམས་སྒུག་མི་སྣ ༡༡༦ ཁྲོད་ནས་རྒྱལ་ཁབ་རིམ་པའི་ལྷ་རྗེ་ཆེན་མོར་བདམས། དེ་ནི་བྱམས་པ་འཕྲིན་ལས་ཀྱི་རྗེས་སུ་རྒྱལ་ཁབ་རིམ་པའི་ལྷ་རྗེ་ཆེན་མོའི་མཚན་སྙན་ཐོབ་པའི་བོད་སྨན་ཆེད་མཁས་པ་ཨང་གཉིས་པ་ཡིན།

        ༡༩༤༦ ལོར་སྐྱེས་པའི་དགྲ་འདུལ་ནི་ཁོ་རང་ལ་མིང་སྲིང ༡༡ ཡོད་པ་ལས་ཆེས་ཆེ་བ་ཡིན། ལོ ༡༢ ཀྱི་སྟེང་དུ་སྨན་རྩིས་ཁང (དེ་ནི་བོད་ལྗོངས་སྤྱི་ཚོགས་རྙིང་བའི་སྐབས་ཀྱི་སྨན་བཅོས་སྡེ་ཁག་དང་གསོ་སྨན་སློབ་གླིང་ཐོག་མ་ཡིན། བོད་ལྗོངས་བོད་སྨན་ཁང་གི་ཆེས་ཐོག་མའི་ལས་ཁུངས་ཡིན) དུ་རྒྱུགས་འཕྲོད། བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་རྗེས། སྨན་རྩིས་ཁང་ནི་བོད་སྨན་ཁང་དུ་བསྒྱུར་ལ། དགྲ་འདུལ་གྱིས་ལས་ཁུངས་དེ་ནས་བོད་སྨན་གྱི་བྱ་བ་སྒྲུབ་འགོ་བརྩམས། ཆེས་ཐོག་མར་སྨན་རྫས་སྡེབ་སྦྱོར་མཁན་ནས་ཕྱི་ཁག་སྨན་པ། རིམ་བཞིན་བོད་སྨན་ཁང་གི་གཙོ་འཛིན་དུ་གྱུར་བ་རེད།

        ལོ་གྲངས་མཐོན་པོར་སོན་ཡོད་ནའང་དགྲ་འདུལ་གྱི་ལུས་གཟུགས་ཧ་ཅང་བདེ་ཐང་ཡིན། ལུས་པོ་གསོ་སྐྱོང་སྐོར་ནས་ཁོང་གིས་ཐབས་ལམ་ཆེས་མཆོག་ཏུ་གྱུར་བ་ནི་འགུལ་སྐྱོད་མང་པོ་བྱ་རྒྱུ་དེ་རེད། དགྲ་འདུལ་གྱིས"ངས་རྣམ་རྒྱུན་ལས་ཀ་སྒྲུབ་དུས་མ་གཏོགས་གཞན་གཞུང་ལས་ཁང་དུ་མི་སྡོད། ང་རང་ཕྱི་ལོགས་སུ་སོང་ནས་འགུལ་སྐྱོད་བྱེད་པར་དགའ། འགུལ་སྐྱོད་མང་པོ་བྱས་ཚེ་ལུས་ཀྱི་ཁྲག་རྩ་རྒྱུགས་པར་ཕན་པ་ཡོད། མི་རྒས་ཚེ་འགུལ་སྐྱོད་མང་པོ་དང་ཉི་མར་ལྡེ་དགོས། རྣམ་རྒྱུན་ང་རང་གློག་སྐས་ལ་མི་སྡོད། སྐས་ཐོག་ནས་འཛེག་རྒྱུ་རྒྱུན་འཁྱོངས་བྱས "ཞེས་བཤད། བཟའ་བཏུང་ཐད་ནས་ཁོང་གིས་ཉིན་ལྟར་རྩམ་པ་ཐེངས་གཅིག་ཟ་རྒྱུ་རྒྱུན་འཁྱོངས་བྱས་ནའང་། དཀྲུགས་ཇ་མང་པོ་འཐུང་མི་ཉན་ཞེས་བཤད།

        དགྲ་འདུལ་གྱིས "བོད་ལྗོངས་ཀྱི་མི་ལ་ཉིན་ལྟར་མེད་དུ་མི་རུང་བ་ནི་འོ་ཇ་ཡིན། དཀྲུགས་ཇའི་ནང་དུ་ཚྭ་བཏབ་རྗེས་ཉིན་ལྟར་མང་པོ་བཏུང་ཚེ། མིའི་ལུས་ཐོག་གི་ཚྭ་འདུས་ཚད་ཚད་ལས་བརྒལ་བས། དེ་ནི་ལུས་གཟུགས་བདེ་ཐང་ཐད་ལ་གནོད་པ་ཆེ། ངས་ཉིན་ལྟར་རྩམ་པ་ཅུང་ཙམ་ཟོས་པ་ཡིན། དེ་ནི་ལུས་པོར་ཕན་པ་ཆེན་པོ་ཡོད"ཅེས་བཤད། དེ་ལས་གཞན། མི་དང་ཕན་ཚུན་འཆམ་པོ་ཡོད་པ་དང་། སེམས་ཁམས་སྐྱིད་པོ་ཡོད་པ་དེའང་ལུས་པོ་གསོ་བའི་ཐབས་མཆོག་གཅིག་ཡིན།

        དགྲ་འདུལ་གྱིས་འདོད་ཚུལ་ལྟར་ན། བོད་ཀྱི་གསོ་རིག་གི་མཚོན་བྱེད་བརྩམས་ཆོས《རྒྱུད་བཞི》ཡི་གཞུང་ལུགས་རྨང་གཞི་ནི"རྒྱུ་གསུམ་རིག་པའི་ལྟ་བ"ཡིན། བོད་ཀྱི་གསོ་རིག་ཁྲོད་དུ་འདོད་ཚུལ་ལྟར་ན། "དབུགས་དང་མེ། གཤེར་གཟུགས"བཅས་གསུམ་གྱིས་མི་ལུས་གྲུབ་ཡོད་པ་རེད། བདེ་ཐང་གི་མི་ལུས་ཁྲོད་དུ། རྒྱུ་ཆ་དེ་གསུམ་གྱིས་དངོས་པོའི་རྨང་གཞི་ཆེན་པོ་བདུན་དང་ཕན་ཚུན་མཐུན་སྒྲིག་དང་དོ་མཉམ་ངང་གནས་ཡོད། དོ་མཉམ་མེད་པར་གྱུར་ཚེ་ནད་གཞི་འབྱུང་བ་རེད། དེའི་སྟབས་ཀྱིས་དོ་མཉམ་རྒྱུན་འཁྱོངས་བྱ་རྒྱུ་ནི་བོད་ཀྱི་གསོ་སྨན་གྱིས་ནད་འགོག་བྱེད་ཐབས་གལ་ཆེན་ཞིག་ཡིན།

        རྒྱལ་ཁབ་རིམ་པའི་ལྷ་རྗེ་ཆེན་མོ་དགྲ་འདུལ་གྱིས་འདོད་ཚུལ་ལྟར་ན། མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་ལ་དམིགས་ནས། བོད་ལྗོངས་ཀྱི་གསོ་སྨན་ལས་རིགས་འཕེལ་རྒྱས་ཐད་ནས་སྔར་ལས་ལྷག་པར་མཉམ་ལས་དང་འབྲེལ་འདྲིས་བྱས་ཏེ། ཚན་རྩལ་ཞིབ་འཇུག་གི་སྨན་བཅོས་བྱེད་ཐབས་གསར་བ་ཁ་སྣོན་དང་། བོད་ཀྱི་གསོ་སྨན་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་བསྐྲུན་དགོས། ཁོང་གིས་རེ་བར་བོད་ཀྱི་ན་གཞོན་སྨན་པ་དག་གཞི་རིམ་དུ་སོང་ནས་སྦྱོང་བརྡར་མང་པོ་བྱེད་དགོས་ལ། གཞུང་ལུགས་ཤེས་བྱ་གལ་ཆེ་བ་མ་ཟད། དེ་ལས་ཀྱང་སྨན་བཅོས་ཉམས་མྱོང་ལྷག་ཏུ་གལ་ཆེ་བ་རེད་ཟེར།

        ཁ་བྱང་ཕྱི་མོ། སྨན་པ་དགྲ་འདུལ་གྱིས་ཉིན་རེར་རྩམ་པ་ཐེངས་རེ་ཟ་ནའང་དཀྲུགས་ཇ་ཉུང་ཉུང་བཏུང་ཟེར།