བྲག་གཡབ་གསོལ་སྟོན་ཁང་གི་དུས་ཆེན་གྱི་རྣམ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-02-20   རྩོམ་ཁུངས།   

         སྤྱི་ཟླ་2པའི་ཚེས་19ཉིན་ཏེ།བོད་ཟླ་དང་བོའི་ཚེས་བཅོ་ལྔ་ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བྲག་གཡབ་གསོལ་སྟོན་ཁང་ན་དགའ་སྤྲོའི་གླུ་གར་དང་སྐྱིད་པའི་དགོད་སྒྲས་ཁེངས་ཡོད་དེ། འདུ་འཛི་དང་འཁྲུག་ཆ་དོད་པོ་འདུག  ཡུལ་སྐོར་བ་240ལྷག་གནས་འདི་རུ་འཛོམས་ནས་བོད་ཟས་དང་།བོད་ཀྱི་གླུ་གར་སྒྱུ་རྩལ། མི་རིགས་ཁྱད་ལྡན་རིག་གནས་བཅས་ལ་རོལ་མྱོང་བྱེད་ཞོར་དུ་ལྒང་ཞུའི་དུས་ཆེན་གྱི་དགའ་སྟོན་ལ་རོལ་བཞིན་ཡོད། 

        བྲག་གཡབ་གསོལ་སྟོན་ཁང་དུ་རྒྱ་ཁོག་ཆུང་བ་དང་སྐམས་ཤ  དཀྲུག་ཇ།  ནས་གོར་སོགས་བོད་ཟས་སྣ་ཚོགས་ཡོད་པ་མ་ཟད། བོད་ཀྱི་ཤོམ་འགྲོ་དང་ཉི་ཤར་བྱམས་བྲོ། མཐའ་ཆུའི་རས་པ། གདོད་མའི་དམངས་གླུ་སོགས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ཡོད་དེ་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཀྱིས་བོད་ཀྱི་ཟས་རིགས་སྣ་ཚོགས་དང་གླུ་གར་རིག་གནས་ཀྱི་རྒྱས་སྟོན་ཞིག་ལ་རོལ་ཐུབ་པ་བྱུང་། 

རིག་རྩལ་གྱི་རྒྱས་སྟོན།

        བྲག་གཡབ་གསོལ་སྟོན་ཁང་ནི་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའི་གསོལ་སྟོན་ཁང་ཞིག་ཡིན་ལ། འདིར་བོད་ཀྱི་རིག་གནས་འགྲེམ་སྟོན་ཁང་ཞིག་ཚུགས་ཡོད་དེ། ཡུལ་དཔོན་གྱི་སྲིད་གྲོས་ཁང་དང་སྡོད་ཤག དེ་མིན་བོད་གྲི་དང་རྟ་སྒ ཡུལ་དཔོན་གྱི་གྱོན་ཆས། ཉི་ཤར་གྱི་རྫ་ནག ཐང་ག་སོགས་བོད་ཀྱི་ཁྱད་ལྡན་རིག་རྫས་མང་པོ་བཤམས་ཡོད།  གཞི་རྒྱ་ཆེ་ཤིང་ཚད་རིམ་མཐོ་བའི་བོད་པའི་གསོལ་སྟོན་ཁང་འདིར་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ།ལོ་སར་གྱི་སྐབས་སུ་བྲག་གཡབ་གསོལ་སྟོན་ཁང་གིས་བསྡོམས་པས་ཡུལ་སྐོར་བ་མི་གྲངས་12000སྣེ་ལེན་བྱས་པ་རེད། 

འགྲེམ་སྟོན་ཁང་གི་ཡུལ་དཔོན་གྱི་ཁང་བའི་ནང་གི་རྣམ་པ།