བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོཊ་ཐོག་ལ་འཕེལ་རྒྱས་ཁག་བརྒྱད་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-02-22   རྩོམ་ཁུངས།   

        2018ལོར།  ཀྲུང་དབྱང་དང་ཞིང་ཨུ།  ཞིང་ཆེན་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འཕར་སྣོན་བརྟན་པོར་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་དར་འཕེལ་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དར་འཕེལ་ལ་གྲུབ་འབྲས་མངོན་གསལཐོན་འདུག

        གཅིག དར་འཕེལ་གྱི་སྤུས་ཚད་སྔར་ལས་ལྷག་པར་གོང་དུ་གཏོང་བ། 

        བརྟན་པོའི་ཁྲོད་དུ་དར་འཕེལ་བྱུང་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་འཕར་སྣོན་བརྟན་པོར་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱས་པ་སོགས་ཀྱི་ལས་ཀ་ཁག་གཅིག་གྱུར་འཆར་འགོད་བྱས་པ།

        གཉིས། ཐོན་ལས་གྲུབ་ཚུལ་སྔར་ལས་ལྷག་པར་ལེགས་སུ་གཏོང་བ། 

        སྟག་མཆོང་གྲོག་རོང་སོགས་ཀྱི་ལྗོངས་ཁུལ་གྱི་སྤུས་ཚད་ལེགས་གཏོང་ལས་ཀར་དམ་འཛིན་བྱས་པ་དང་།  མུ་མཐུད་དུ་རྡོ་མཁར་རྫོང་གི་སྤུས་ཚད་ལེགས་གཏོང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།  ཡུལ་སྐོར་ཁྲོམ་རའི་བཅོས་སྒྲིག་ལས་ཀར་ཤུགས་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་ནས་དང་རྒུན་འབྲུམ།  རི་སྐྱེས་ཤ་མོ་སོགས་ཁྱད་ལྡན་ཐོན་ལས་བདུན་དར་འཕེལ་གཏོང་བ།

        གསུམ། དབུལ་ཕོངས་མང་ཚོགས་ཇེ་ཉུང་དུ་གཏོང་བ། 

        གྲོང་གསེབ་ཀྱི་དུད་ཚང་2855ཡི་ཁང་པ་ཉེན་ཅན་བསྒྱུར་བཀོད་བྱས་པ་དང་ཡུལ་གཞན་དུ་དུད་ཚང་2400སྤོ་བ།  གྲོང་གསེབ་ཀྱི་ལམ་བུ་སྤྱི་ལེ་972གསར་སྐྲུན་དང་རྒྱ་སྐྱེད་པ།  གྲོང་གསེབ་ཀྱི་ཆུ་དང་གློག  ལམ།  འཕྲོད་བསྟེན་ཁང་སོགས་ཕྱོགས་ཡོངས་ནས་ལེགས་བཅོས་བྱས་པ།  ཧུར་ཐག་གིས་ཁེ་ལས+ཆེད་ལས་མཉམ་ལས་ཁང་+དབུལ་ཕོངས་དུད་ཚང་ཞེས་པ་སོགས་ཀྱི་ཐོན་ལས་དར་འཕེལ་དཔེ་དབྱིབས་དར་ཁྱབ་གཏོང་བ། 

        བཞི། རྨང་གཞིའི་སྒྲིག་བཀོད་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ།         རྣམ་གྲངས་གལ་ཆེན་གྱི་འཆར་འགོད་དང་གསོག་འཇོག་ལས་ཀར་སྐུལ་འདེད་ཟབ་ཏུ་གཏོང་བ་དང་།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།  ཉི་ཤར་ནས་མཐའ་ཆུ་བར་གྱི་རིམ་པ་གཉིས་ཅན་གྱི་གཞུང་ལམ་ཕྱོགས་ཡོངས་ནས་ཤར་བགྲོད་ཐུབ་པ།  4Gདྲ་བ་ཁུལ་ཡོངས་སུ་ཁྱབ་པ།  འགྲིམ་འགྲུལ་དང་ཆུ་དོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

        ལྔ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྔར་ལས་ལྷག་པར་མྱུར་དུ་གཏོང་བ། 

        ཁུལ་ཡོངས་སུ་གྲོང་ཁྱེར་གྱི་སྔོ་ལྗང་གི་རྒྱ་ཁྱོན་སྤྱི་ཆིན་531གསར་དུ་སྣོན་པ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསང་སྤྱོད་ཁང་དང་སྤྱི་པའི་འཁོར་བཞག་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མྱུར་དུ་གཏོང་བ།  གྲོང་ཁྱེར་གྱི་གསལ་འགྱུར་ལས་ཀ་དངོས་ནས་སྐུལ་འདེད་གཏོང་བ།  བདེ་བླག་ངང་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་གྲུབ་པ།

        དྲུག སྐྱེ་ཁམས་ཁོར་ཡུག་སྔར་ལས་ལྷག་པར་ལེགས་བཅོས་གཏོང་བ། 

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་དྲོད་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་125ལེགས་གྲུབ་བྱུང་བ་དང་།  ཆུ་བོ་དང་མཚེའུ་སོགས་ཀྱི་སྐྱེ་ཁམས་བཅོས་སྒྲིག་དང་སྲུང་སྐྱོང་ལས་ཀ་ལ་སྐུལ་འདེད་ཟབ་ཏུ་གཏོང་བ།   ཆེས་ནན་པོའི་ས་ཞིང་དོ་དམ་ལམ་ལུགས་ལག་བསྟར་བྱས་པ།  ཞིང་ཆེན་རིམ་པའི་དཔལ་ཡོན་ཤང་གྲོང་10འཛུགས་པ་རེད།

        བདུན། སྤྱི་ཚོགས་བྱ་གཞག་སྔར་ལས་ལྷག་པར་དར་འཕེལ་བྱུང་བ། 

        ལོ་ཧྲིལ་པོར་མི་7717ལས་ཞུགས་ཐུབ་པ་དང་གྲོང་གསེབ་ཀྱི་ངལ་རྩོད་པ་མི་ཐེངས་ཁྲི་3.8གནས་སྤོ་ལས་ཞུགས་ཐུབ་པ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་དང་དཀའ་ངལ་རོགས་སྐྱོབ་སོགས་ཀྱི་སྤྱི་ཚོགས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.9འཛིན་སྤྲོད་བྱས་ཏེ་དབུལ་ཕོངས་མང་ཚོགས་ཁྲི་11.7ལ་ཕན་པ་བྱུང་བ།  ཕྱོགས་ཡོངས་ནས་སློབ་གསོ་དམངས་ཕན་སྲིད་ཇུས་དང་སློབ་གསོ་དབུལ་སྐྱོར་སྲིད་ཇུས་དོན་དུ་འཁྱོལ་བ།        བརྒྱད་ནས་འཆམ་མཐུན་བརྟན་བརླིང་གི་རྨང་གཞི་སྔར་ལས་ལྷག་པར་བརྟན་པོར་གཏོང་བ།  ཀྲུང་དབྱང་གི་བོད་སྐྱོང་བྱེད་ཐབས་དོན་འཁྱོལ་ཟབ་འཇུག་གཏོང་བ་དང་།  ཁ་བྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་པ།  ནན་ཏན་ངང་ཀྲུང་དབྱང་གི་སྤྱོད་ངན་ནག་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་བླང་བྱ་དོན་འཁྱོལ་བྱས་པ།  ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱས་པ་དང་ཏང་གི་ཆོས་ལུགས་ལས་་དོན་གྱི་རྩ་བའི་བྱེད་ཐབས་དོན་དུ་འཁྱོལ་བ།