རྩོམ་པ་པོ།   པདྨ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2019-02-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁ་སང་ཁ་བ་ལྷབ་ལྷུབ་ཏུ་བབས་ན་ཡང་། དེ་རིང་བཀྲ་ཤིས་པའི་ཡུལ་གྲུ་འདི་ལ་གསེར་མདོག་གི་ཉི་འོད་ལམ་ལམ་དུ་འཕྲོས་བྱུང་། ཁ་རྒྱབ་གསེར་གྱི་ཉི་མ་ཤར་པའི་རྟེན་འབྲེལ་ཡག་པོ་ཞིག་གི་མདུན་བསུས་ནས། ཟླ2པའི་ཚེས21ཉིན་ནི། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྲག་ལམ་གྲོང་ཚོ་རུ་ཕ་དོན་འགྲུབ་དང་། མ་བློ་བཟང་སྒྲོལ་མ་གཉིས་ཀྱིས་བུ་བློ་བཟང་ཕུན་ཚོགས་ཀྱི་བག་སྟོན་གྱི་ཉིན་མོ་ཡིན། འཇོལ་རྫོང་ཐང་ལ་གྲོང་སྡེའི་ཚེ་རིང་དཔལ་གཡང་ནི་ཁོང་ཚང་གི་བག་མར་བསུས་ཡོད། ག་ས་གང་ལ་ཉེ་བ་དང་། གྲོགས་པོ། གྲོང་རོགས་སོགས་འཛོམས་ནས་བག་མ་བསུ་ལེན་བྱས་ཤིང་དགའ་སྤྲོའི་གླུ་གར་ལ་རོལ་ཡོད།