ཧོ་ལིའང་ཧུའེ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-02-28   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་25ཉིན་ནས་26ཉིན། ཧྲེང་ཀྲང་གཞོན་པ་ཧོ་ལིའང་ཧུའེ་ཡིས་སྣེ་ཁྲིད་པའི་འབྲེལ་ཡོད་མི་སྣས་རང་ཁུལ་གྱི་མི་རིགས་ཆོས་ལུགས་བརྟན་སྲུང་དང་ནགས་ཕག་མཚོའི་ཆུ་སྐྱོན་ལེགས་བཅོས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

       ཧོ་ལིའང་ཧུའེ་ཡིས་ཉེ་བའི་དུས་ཚོད་ནང་བདེ་ཆེན་གྱིས་ཕྱོགས་བཞིའི་གནད་དོན་ཐག་གཅོད་བྱེད་དགོས་པ་བསྟན་ཡོད་དེ། གཅིག ནགས་ཕག་མཚོའི་ཆུ་སྐྱོན་གནད་དོན་ཐག་གཅོད་བྱེད་དགོས་པ། གཉིས། སེམས་འཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པའི་དམིགས་འབེན་རེ་འདུན་ལ་ཕྱོགས་ནས་དུས་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་འགྲུབ་དགོས་པ། གསུམ། གཟབ་ནན་གྱིས་11·03འབྲི་ཆུའི་བཀག་ཆུའི་ཆུ་ལོག་གི་གནོད་སེལ་བསྐྱར་འཛུགས་ཀྱི་འཆར་གཞི་ལྟར་འབྲེལ་ཡོད་ལས་ཀ་རྣམས་ཡག་པོ་བསྒྲུབ་དགོས་པ། བཞི། མུ་མཐུད་དུ་གལ་ཆེའི་ལས་གཞི་འཛུགས་སྐྲུན་བྱས་ནས། བདེ་ཆེན་གྱི་མཐོ་བརྒལ་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཡིན་པ་རེད།